This website has been established for the purpose of collecting and distributing the lyrics of Christian songs in the Bhutanese languages Dzongkha, Tshangla and Khengkha. While some song books have been published, this website seeks to address two shortcomings of these books. The first is that books are not easily corrected and updated. The second is that these books are often not available for sale in many international locations. Although these lyrics have been carefully transcribed from other sources, typographical errors may still occasionally be found. These lyrics are provided AS-IS without guarantee of correctness. The contents of this website are provided as a service to the Bhutanese-speaking Christian community and may not be used for commercial purposes without written permission. If you see only squares, please use one of the pictures versions.
© 2016-22, Dr. Daniel S. Brogan, copy typist and web developer
ཁྱོད་མེད་པའི་མི་ཚེ་ སྙིང་པོ་མེད།། ཁྱོད་མེད་པའི་དགའ་བ་ དགའ་སྤྲོད་མེད།། ཁྱོད་མེད་པའི་བྱམས་པ་ དོན་དག་མེད།། ང་ལུ་དགོ་ དགོ་ དགོ་ དུས་གཏན་རྐྱང་དགོ།། (༢) བྱམས་པ་ སྙིང་རྗེ་ ཐུགས་རྗེ་ བྱིན་རླབས་ ཁྱོད་ན་ལུ།། (༢) ཁྱོད་མེད་པའི་མི་ཚེ་འདི་སྙིང་པོ་ར་མེད།། (༢) ཁྱོད་ངེ་གི་རེ་བ་ལམ་སྟོན་པ།། ཁྱོད་ངེ་གི་ཆ་རོགས་ སྟོབས་ཤུགས་ཅན།། ཁྱོད་ངེ་གི་ ཡེ་ཤུ་ ཡ་མཚན་ཅན།། ང་ལུ་དགོ་དགོ་དགོ་ དུས་གཏན་རྐྱང་དགོ།། (༤)
༡་ ཁྱོད་མེད་བ་ངི་གིས་མི་ཚེ་འདི། འདི་ཨ་རྟག་སྟོང་ཧང་ཧང། ཡི་ཤུ་ང་ལུ་ཨ་རྟག་ར་ཁྱོད་ཀྱིས། ཕ་མ་ལན་འདི་བཞག་ནར་མས། ཁྱོད་རང་རྐྱངམ་ཅིག། ངི་གིས་ཆ་རོགས་ཨིན། ཁྱོད་མེད་བ་ངི་མི་ཚེ་འདི། དོན་དག་དོན་དག་ཅིག་ཡང་མེད། ཁྱོད་མེད་བ་ཁྱོད་མེད་བ། (༢) ངི་མི་ཚེ་འདི་དོན་དག་དོན་དག་མེད། ༢་ ཁྱོད་གིས་འཇའ་རིསམོ་ཞལ་རེད་འདི། རྟག་བུ་མཐོང་རུང་བཏུབ་འབད། ངིའི་ཧིང་ལས་རང་ཁྱོད་ལུ་བསྟོད་པ། ཁྱོད་རང་རྐྱངམ་ཅིག། ཧིང་གིས་རྒྱལ་པོ། ཁྱོད་མེད་བ་ངི་མི་ཚེ་འདི། དོན་དག་དོན་དག་ཅིག་ཡང་མེད།
༡་ གནམ་ཁའི་ཀར་མ་ལེགས་པས་མོ། འདི་ན་ཡོད་པའི་ཉིམ་འདི། གནམ་ཁར་འཕུར་མི་ཕུ་ཀྲུ་ཚུ། གནམ་ལས་བུད་མི་ཚརཔ་འདི། འདི་ཚུ་ག་ར་ཁྱོད་ཀྱི་གོང་ལས་ཨིན། དགའ་བ་བྱིན་ཡི་ང་བཅས་ལུ། ༢་ ས་ཞིང་འདི་ནང་མི་ཡིལ་ག་ར་ལེགས། འདི་ནང་ཡོད་མི་ཆུ་དང་གངས་རི་ཚུ། ས་ཁར་ཤར་མི་མེ་ཏོག་དང་ཤིང་ལེགས། ཁྱེད་ཀྱི་བཟོ་མི་སེམས་ཅན་དགའ་བས་མོ།
༡་ གཙོ་བོ་དཀོན་མཆོག་ཁྱོད་ཀྱི་མཚན་འདི་སྨོ། ག་བ་ལས་ལེགསཔ་འདུག་འཛམ་གླིང་འདི་ནང། ( ཁྱོད་ཀྱིས་མཛད་གནང་མི་ཕྱག་ལཱ་དེ་ཚུ། ཡ་མཚན་ཅན་དང་མནོ་ར་མི་ཚུགས་པས། ) ༢ ( དེ་འབདཝ་ལས་གུས་ཞབས། གཟི་བརྗིད། བསྟོད་པ། གཙོ་བོ་དཀོན་མཆོག་ལུ་ཙམ་འོས་འབབ་འདུག། ) ༢ ངེའི་སེམས་གྱིས་ལྟ་བུ་གཙོ་བོ་ལུ་མཆོད་པ་ཕུལ། ངེའི་ཧིང་གིས་ལྟ་བུ་ཁོ་ལུ་བཀའ་དྲིན་བསམ། ( ངེའི་ཧིང་ལས་རང། ) ༤ ༢་ འདམ་ཁོག་ཁོ་ནང་ཐིམ་ནི་འབད་བའི་ང་བཟུམ། གཙོ་བོ་ཁྱོད་ཀྱིས་ང་ལུ་ཡར་བཏོན་གནང་ཡི། ( སྡིག་ཅན་ང་བཟུམ་ལུ་བསྲུང་ནི་དོན་ལུ། གཙོ་བོ་ཁྱོད་རང་ངེའི་དོན་ལུ་གནང་ཡི། ) ༢ ( ནམ་ར་འབད་རུང་ཁྲམ་ཤིང་གུར་བལྟཝ་ད། ཁྱོད་ཀྱི་བྱམས་བརྩེ་གིས་ང་མིག་ཆུ་འཐོན་མས། ) ༢ ངེའི་སེམས་གྱིས་ལྟ་བུ་གཙོ་བོ་ལུ་མཆོད་པ་ཕུལ། ངེའི་ཧིང་གིས་ལྟ་བུ་ཁོ་ལུ་བཀའ་དྲིན་བསམ། ( ངེའི་ཧིང་ལས་རང། ) ༤ ༣་ གྱངམ་ཁ་མ་ཆོད་པའི་ངེ་གི་སྡིག་པ་ཚུ། ས་སྨུག་ཡལ་གཏང་དོ་བཟུམ་ཡལ་ཏེ་གནང་ཡི། ( ཤར་ལས་ནུབ་ཐག་རིངས་ག་དེམ་ཅིག་ཡོདཔ་ཚུན། དེམ་ཅིག་ར་ངེ་གི་སྡིག་པ་བསྐྱལ་བཏང་ཡི། ) ༢ ( སྐུ་ཁྲག་གིས་སྡིག་པ་ཚུ་འཁྱུ་གནང་ཡི། དགུན་གྱི་ཁཝ་ལྷགཔ་སྦེ་དཀརཔ་སྦེ་བཀོད་གནང་ཡི། ) ༢ ངེའི་སེམས་གྱིས་ལྟ་བུ་གཙོ་བོ་ལུ་མཆོད་པ་ཕུལ། ངེའི་ཧིང་གིས་ལྟ་བུ་ཁོ་ལུ་བཀའ་དྲིན་བསམ། ( ངེའི་ཧིང་ལས་རང། ) ༤
༡་ གཞན་ག་ཡང་མེད་གུས་ཞབས་ཅན་གྱིས་དཀོན་མཆོག། ཡེ་ཤུ་ཁྱོད་རང་རྐྱངམ་ཅིག་ཨིན། གཞན་ག་ཡང་མེད་རྒྱལ་ཁྲི་གིས་འོས་འབབ། ཡེ་ཤུ་ཁྱོད་རང་རྐྱངམ་ཅིག་ཨིན། བསྟོད་ཡང་ག་ར་གཟིགས་འབོལ་ག་ར་ན་ལུ་་་ན་ལུ། (༢) ༢་ གཞན་ག་ཡང་མེད་བསྟོད་པ་ཙན་གྱིས་དཀོན་མཆོག། ག་ཙོ་བོ་ཁོད་རང་རྐྱངས་ཅིག་ཨིན། གཞན་ག་ཡང་མེད་བྱིན་རླབས་ཅན་གྱིས་དཀོན་མཆོག། ཡེ་ཤུ་ཁྱོད་རང་རྐྱངས་ཅིག་ཨིན། ཡི་ཤུའི་མཚན་ལུ་བསྟོད་ཡངས། (༣) བསྟོད་ཡངས
( ངེའི་ནང་གི་རྟེན་འདི་ཁྱོད་རང་ར་ཨིན། དུས་བརྟན་རྐྱང་ཁྱོད་རང་ར་ཨིན། ངེ་གི་མི་ཚེ་བརྟེན་ཀྱང་ཁྱོད་ལུ་ཕུལ་དོ། ན་ང་གི་བརྩེ་བ་ཨིན། ) ༢ ( དཀོན་མཆོག་གསུམ་གི་གཟིགས་གནང་ང་ལུ། ང་ལུ་བྱིན་རླབས་མཛད་གནང་མས། ) ༢ ( ཁྱོད་ཀྱི་བརྩེ་བ་ནམ་ལས་མཐོང་ཡི། ཁྱོད་ཀྱིས་བྱམས་པ་རྒྱ་མཚོ་ལས་རྟིང་ཟབ། ) ༢ ན་མེད་པ་མི་ཆགས་པས། དུས་བརྟན་རྐྱང་བཞུགས་གནང་མས། ངེའི་ནང་གི་རྟེན་འདི་ཁྱོད་རང་ར་ཨིན། དུས་བརྟན་རྐྱང་ཁྱོད་རང་ར་ཨིན། ( ཙ་བ་ཡི་ཤུ་ཁྲམས་ཤིང་གུར་བྱོན་འདི། ངེ་གི་སྔིག་པ་བཤལ་གནང་ཡི། ) ༢ ( ཁྱོད་ཀྱི་བརྩེ་བ་ནམ་ལས་མཐོང་ཡི། ཁྱོད་ཀྱིས་བྱམས་པ་རྒྱ་མཚོ་ལས་རྟིང་ཟབ། ) ༢ ཐུགས་རྗེ་ཆེ་དཀོན་མཆོག་ལུ། བཀའ་དྲིན་ཆེ་ཞུ་ནེ་ཨིན། ངེའི་ནང་གི་རྟེན་འདི་ཁྱོད་རང་ར་ཨིན། དུས་བརྟན་རྐྱང་ཁྱོད་རང་ར་ཨིན། ངེ་གི་མི་ཚེ་བརྟེན་ཀྱང་ཁྱོད་ལུ་ཕུལ་དོ། ( ན་ང་གི་བརྩེ་བ་ཨིན། ) ༢
ད་རི་འཁྲུངས་ཁར་དུས་སྟོན་ནང། དགའ་སྤྲོ་འབྱུང་གེ་ཚ་རོགས་ཚུ། མི་ཚེ་ཀུན་གི་བྱམས་དང་བཙེ་བའི། གཙོ་བོ་དཀོན་མཆོག་ཡི་ཤུ་ཨིན། ཁྲབ་གེ་ཆ་རོགས་ཚུ་ཞབས་ཁྲ་འཐོན་འདི་ཀྱིས། སྤོ་བ་སྟོན་འདི་གིས། ལིདཝ་འགྱུགས་འདི་ཀྱིས། གཙོ་བོ་གིས་འཁྲུངས་ཁར་དུས་བརྟོན་ནོང། (༢) འཁྲུངས་ཁར་དུས་བརྟོན་ནོང། ༡་ (ལྷ་གཡུས་ལས་འཛམ་གླིང་ནང་འབྱོན་ནང་ཡིག། ང་བཅས་ཚུ་ལུ་ཐར་པ་གནང་བར། སྐུ་འཁྲུངས་གནང་ཡིག།) (༢) (བཀྲིན་ཆེ་གཙོ་བོ་བཀྲིན་ཆེ་དཀོན་མཆོག། ཕ་མ་དཀོན་མཆོག་ཐུགས་ཛེད་ཆེ་ཞུག་ནི།) (༢) ད་ཁྲབ་གེ་ང་བཅས་ཚུ་སྤོ་བ་བསྐྱོལ་འདི་ཀྱིས། དཀེན་མཆོག་གི་དུས་སྟོན་ནང། དགའ་སྤྲོ་འགྱུགས་འདི་ཀྱིས། ད་རི་འཁྲུངས་ཁར་དུས་སྟོན་ནང། དགའ་སྤྲོ་འབྱུང་གེ་ཚ་རོགས་ཚུ། མི་ཚེ་ཀུན་གི་བྱམས་དང་བཙེ་བའི། གཙོ་བོ་དཀོན་མཆོག་ཡི་ཤུ་ཨིན། ༢་ (ང་བཅས་ཀྱི་དོན་ལས་ཡི་ཤུ་སྐུ་འཁྲུངས་གནང་ཡིག། སྡིག་ཅན་ཚུ་གི་དོན་ལུ་དཀོན་མཆོག་འབྱོན་ནང་ཡིག།) (༢) (བཀྲིན་ཆེ་གཙོ་བོ་བཀྲིན་ཆེ་དཀོན་མཆོག། ཕ་མ་དཀོན་མཆོག་ཐུགས་ཛེད་ཆེ་ཞུག་ནི།) (༢) ད་ཁྲབ་གེ་ང་བཅས་ཚུ་སྤོ་བ་བསྐྱོལ་འདི་ཀྱིས། དཀེན་མཆོག་གི་དུས་བརྟོན་ནང། དགའ་སྤྲོ་འགྱུགས་འདི་ཀྱིས།
ད་རེས་ངའི་སེམས་ཁར་དགའ་སྤྲོ་ཡོད། ད་རེས་ངའི་སེམས་ཁར་སྐྱིད་པ་ཡོད། ད་རེས་ངའི་སེམས་ཁར་སྔུག་བསྔལ་མེད། ད་རེས་ངའི་སེམས་ཁར་ཁྱོད་རང་རྐྱངམ་གཅིག་ཡོད། ཁྱོད་ཀྱི་སྟོབས་ཤུགས་ཀྱིས་ང་ག་ཅིག་རང་འབད་ཚུགས། ཁྱོད་བཞུགས་ས་ང་འོང་འདོ། ང་འབད་ས་ཁྱོད་འོང་གནང། ཡེ་ཤུ་ཁྱོད་ལུ་དགའ་ཁྱོད་ལུ་དགའ། ༤
དཀོན་མཆོག་ཁྱོད་ཀྱི་སེམས་ཕོ་བྲང་ནང་ང་ལུ་ཁྱོད་ཀྱི་བཞག་ན། ཁྱོད་ཀྱི་དགའ་བ་ཀྱི་ང་ལུ་ཞིང་ཁམས་ཀྱི་ལམ་སྟོན་ཡི། (༢) དཀོན་མཆོག་ཁྱོད་ཀྱི་སེམས་ཀྱི་ཕོ་བྲང་ནང་ང་ལུ་ཁྱོད་ཀྱི་བཞག་ན། ཁྱོད་ཀྱི་དགའ་བ་ཀྱི་ང་ལུ་ཞིང་ཁམས་ཀྱི་ལམ་སྟོན་ཡི། (༢) ཧ་ལེ་ལུ་ཡ། (༢) ཁྱོད་ཀྱི་དགའ་བ་ཀྱི་ང་ལུ་ཞིང་ཁམས་ཀྱི་ལམ་སྟོན་ཡི། (༢) ཞིང་ཁམས་ལས་ཁྱོད་འཛམ་གླིང་ནང་འོང་ཡི་ང་བཅས་ཀྱི་སྡིག་པ་གི་དོན་ལུ། ཁྲམ་ཤིང་འབག་འདི་ཁྱོད་ཀྱི་ཀལ་བཱ་རི་ན་ང་བཅས་ཀྱི་སྡིག་པ་སེལ་ཡི། ཞིང་ཁམས་ལས་ཁྱོད་འཛམ་གླིང་ནང་འོང་ཡི་ང་བཅས་ཀྱི་སྡིག་པ་གི་དོན་ལུ། ཁྲམ་ཤིང་འབག་འདི་ཁྱོད་ཀྱི་ཀལ་བཱ་རི་ན་ང་བཅས་ཀྱི་སྡིག་པ་སེལ་ཡི། ཧ་ལེ་ལུ་ཡ། (༢) ཁྱོད་ཀྱི་དགའ་བ་ཀྱི་ང་ལུ་ཞིང་ཁམས་ཀྱི་ལམ་སྟོན་ཡི། (༣)
ཕྱག་འཚལ་ལོ་ཙ་བ་དཀོན་མཆོག་ལུ། ༤ ( ངེ་གི་ཧིང་ལས་རང། ངེ་གི་ལུས་ངག་ཡིད་གསུམ་ལས། ) ༢ ཕྱག་འཚལ་ལོ་ཙ་བ་དཀོན་མཆོག་ལུ། ༤ ( དུས་བཏན་རྐྱང་སྲེན་པོ་སྦེ་བཞུགས་མི། ཐུགས་རྗེ་ཆེ་ཞུ་ནི་ཨིན། ང་ལུ་སྐྱབས་བཏན་རྐྱང་མརྗད་མི། བཀའ་དྲིན་ཆེ་ཞུ་ནི་ཨིན། ) ༢ ངེའི་སེམས་དགའ་མི་དགའ་ངེའི་སེམས་སྐྱིད་མི་སྐྱིད། ༢ ཕྱག་འཚལ་ལོ་ཙ་བ་དཀོན་མཆོག་ལུ། ༢ ( ཕམ་དང་འདྲ་བའི་ཙ་བ་ཡི་ཤུ་ཨིན། སྒྱུར་བ་མེད་པའི་ཙ་བ་དཀོན་མཆོད་ཨིན། ) ༢ ངེའི་སེམས་དགའ་མི་དགའ་ངེའི་སེམས་སྐྱིད་མི་སྐྱིད། ༢ ཕྱག་འཚལ་ལོ་ཙ་བ་དཀོན་མཆོག་ལུ། ༤ ( ངེ་གི་ཧིང་ལས་རང། ངེ་གི་ལུས་ངག་ཡིད་གསུམ་ལས། ) ༢ ངེའི་སེམས་དགའ་མི་དགའ་ངེའི་སེམས་སྐྱིད་མི་སྐྱིད།
(བཀྲིན་དགའ་ཚོར་ བཀྲིན་ཧིང་ནང་ལས། བཀྲིན་དགའ་ཚོར་ དམ་པའི་དཀོན་མཆོག་ལུ། བཀྲིན་དགའ་ཚོར་ དཀོན་མཆོག་ཡེཤུ་ལུ། ) (༢) (ད་ལས་ཕར་ ཞན་ཁོག་གིས་སླབ་འོང་ ང་སྟོབས་ཡོད། སྤྱང་ཀ་གིས་སླབ་འོང་ ང་ཕྱུགཔོ་ཨིན། དཀོན་མཆོག་ཡེཤུ་གི་ ཐུགས་རྗེ་ལས་ བརྟེན་འདི། ) (༢) བཀྲིན་བསམ། (༢)
( བའོ་བའོ་བའོ། བའོ་བའོ་བའོ་བའོ་བའོ། ) ༢ བའོ་བའོ་ཧ་ཧ་ཧ། ༡་ ( ཡམ་ཚན་ཡམ་ཚན་ཆེ་བའི་དུས་སྟོན་ནང། དགའ་བའི་གླུ་ཅིག་འཁྲབ་གེ་དབའི་ཆ་རོགས་ཚུ། ) ༢ ད་རེས་བཀྲིས་དཔལ་ཀྱིས་ཉིནམ་འདི་ལུ། ཀྱེས་པའི་དུས་སྟོན་ལེགས་སོ་ལེགས་སོ་ཡོད། ཙ་བ་དཀོན་མཆོག་ལུ་བཀའ་དྲིན་དགའ་འཚོར་ཞུ། འཁྲུངས་སྐར་དུས་སྟོན་འདི་ནང་ལུ། ༢་ ( དགའ་སྐྱིད་ཉིནམ་ཤར་བར་ཤོག། ཞེ་བདེ་མེ་ཏོག་རྒྱས་བར་ཤོག། ) ༢ ད་རེས་བཀྲིས་དཔལ་ཀྱིས་ཉིནམ་འདི་ལུ། ཀྱེས་པའི་དུས་སྟོན་ལེགས་སོ་ལེགས་སོ་ཡོད། ཙ་བ་དཀོན་མཆོག་ལུ་བཀའ་དྲིན་དགའ་འཚོར་ཞུ། འཁྲུངས་སྐར་དུས་སྟོན་འདི་ནང་ལུ། ༣་ ( ལུས་སྐྱིད་པའི་ཞབས་ཁྲ་འཁྲབ་པར་ཤོག། སེམས་དགའ་བའི་གླུ་དབྱངས་འཐེན་པར་ཤོག། ) ༢ ད་རེས་བཀྲིས་དཔལ་ཀྱིས་ཉིནམ་འདི་ལུ། ཀྱེས་པའི་དུས་སྟོན་ལེགས་སོ་ལེགས་སོ་ཡོད། ཙ་བ་དཀོན་མཆོག་ལུ་བཀའ་དྲིན་དགའ་འཚོར་ཞུ། འཁྲུངས་སྐར་དུས་སྟོན་འདི་ནང་ལུ། བའོ་བའོ་བའོ། བའོ་བའོ་བའོ་བའོ་བའོ། ༤་ ( ངེའི་སེམས་དགའ་མི་དགའ་ཧིང་ལས་རང། ད་རེས་འཁྲུངས་སྐར་དུས་སྟོན་འདི་ནང། ) ༢ ད་རེས་བཀྲིས་དཔལ་ཀྱིས་ཉིནམ་འདི་ལུ། ཀྱེས་པའི་དུས་སྟོན་ལེགས་སོ་ལེགས་སོ་ཡོད། ཙ་བ་དཀོན་མཆོག་ལུ་བཀའ་དྲིན་དགའ་འཚོར་ཞུ། འཁྲུངས་སྐར་དུས་སྟོན་འདི་ནང་ལུ། ( བའོ་བའོ་བའོ་བའོ་བའོ་བའོ། བའོ་བའོ་ཧ་ཧ་ཧ། ) ༢
(བསྟོད་འབབ་འོས་འབབ་ཅན་ ཁྱོད་དང་ཁ་རྗེ། ལགཔ་ཡར་འཐུ་འདི་གསོལཝ་བཏབ་ནི། དམ་པའི་དཀོན་མཆོགའི་མཚན་ལུ། ) (༢) (དཀོན་མཆོག་ཆེན་པོ་ ན་ཡ་མཚན་ཅན་གཅིག་ཨིན། ན་འདྲ་བ་ག་ཡང་མི། ན་འདྲ་བ་ག་ཡང་མི། ) (༢)
བྱིན་གྱིས་བརླབ་གཙོ་བོ་ལུ་ངིའི་རྣམ་ཤེས། གསེལ་བཏབ་གཙོ་བོའི་མཚན་ལུ། གླུ་འཐེན་ནམ་ཡང་མ་འདྲཝ་ངིའི་རྣམ་ཤེས། བསྟོད་ཡངས་བྱིན་བསླབ་མཚན་ལུ། ༡་ ཉིནམ་ཤར་བའི་དུས་ཚད། ནམ་ལངས་བའི་རྟགས་མཚན་ཨིན། མགུར་ཡངས་ཕྱལ་ནི་གྱིས་དུས་ཚོད་ཨིན། གདོང་ལན་ག་ཅི་རང་འབྱུང་རུ། བར་ཆད་ག་ཅི་རང་འབྱུང་རུ་རང། ང་དཀོན་མཆོག་ལུ་དུས་གཏན་རྐྱང་བསྟོད་ཡངས། ༢་ ན་བྱམས་ཙེ་གི་འབང་ཟད། དེ་ལས་ཞེ་སྡང་ན་ལྷོད་ལྷོད། ན་མཚན་ཆེན་པོ་བྱམས་སེམས་ཅན་གྱིས་གཙོ་བོ། འདི་ཚུ་ག་ར་གྱི་དོན་ལུ་མགུར་ཡངས་དུས་གཏན་རྐྱང་ཕུལ་ནི། སྟོང་སྟོང་འབད་གཙོ་བོ་ཁྱོད་ལུ་ཧིང་ལས་རང། ༣་ ངའི་གཟུགས་སྟོབས་ཤོག་བའི་དུས་ཚོད་ནང་ལུ། ཤི་སྲོག་ལུ་ཐུག་འདི་འབད་རུ་རང། ང་དུས་གཏན་རྐྱང་ཁོད་ལུ་བསྟོད་ཡངས་ཕུལ་ནི་མི་བཞག། སྟོང་སྟོང་འབད་གཙོ་བོ་ཁྱོད་ལུ་ཧིང་ལས་རང
༡་ བློ་གཏད་པའི་བྱིན་རླབས་ང་གི་ཡེ་ཤུ། ཨ་ཡེ་ག་ཅི་དེས་ཅིག་སྨོ་གཟི་བརྗིདའི་སྔོན་བརྡ། ཐར་པའི་བརྒྱུད་འཛིན་ཁོ་གིས་ཉོ་ཉོཝ། ཐུགས་ཉིད་ལས་སྐྱེས་ཏེ་ཁྲག་གི་གཙངམ་བཟོ་ཡི། ( འདི་ང་གི་སྲུང་ཨིན། འདི་ང་གི་གླུ། ངེའི་སྐྱབས་མགོན་ཁྱོད་ལུ་བསྟོད་པ་ཕུལ་ནི། ) ༢ ༢་ ཡང་དག་འབད་ཉན་ཏེ་སྤྲོ་བ་ཡང་དག། ཚད་མེད་པའི་དགའ་བའི་འཆར་སྣང་བསྐྱེད་དེ། ཕོ་ཉ་ཞིང་ཁམས་ལས་མར་ལུ་འབབ་འོང་། སྙིང་རྗེའི་བག་ཅ་བྱམས་པའི་གསང་བློ། ( འདི་ང་གི་སྲུང་ཨིན། འདི་ང་གི་གླུ། ངེའི་སྐྱབས་མགོན་ཁྱོད་ལུ་བསྟོད་པ་ཕུལ་ནི། ) ༢ ༣་ ཡང་དག་འབད་ཉན་ཏེ་ཐམས་ཅད་ངལ་སངས། སྐྱབས་མགོན་ནང་གནས་ཏེ་དགའ་སྐྱིད་བྱུང་ཡི། ཡར་གནམ་ཁ་བལྟ་སྟེ་བསྒུག་སྡོད་ཡི་ང། ཁོ་གི་ཡོངས་རྗོགས་དང་བྱམས་པ་ནང་ཡེངས། ( འདི་ང་གི་སྲུང་ཨིན། འདི་ང་གི་གླུ། ངེའི་སྐྱབས་མགོན་ཁྱོད་ལུ་བསྟོད་པ་ཕུལ་ནི། ) ༢
༡་ མཚུངས་མེད་ཡབ་ཀྱི་ཐུགས་རྗེའི་འོད་ཟེར་ལས། ལེགས་པར་འཁྲུངས་པའི་ལུང་གིས་རབ་བསྔགས་ཤིང། བར་མེད་བྱིན་རླབས་འབྱུང་བའི་མགིན་པོ་རུ། འཛམ་གླིང་མིར་བྱོན་སྐྱབས་མགོན་ཡི་ཤུ་མཁྱེན། བར་མེད་བྱིན་རླབས་འབྱུང་བའི་མགིན་པོ་རུ། འཛམ་གླིང་མིར་བྱོན་སྐྱབས་མགོན་ཡི་ཤུ་མཁྱེན། ༢་ བདག་ཅག་དད་ལྡན་བུར་བཞིན་རབ་བརྩེ་བས། རྣམ་ཀུན་གཡེལ་མེད་སྐྱོང་བའི་ཡབ་ཅིག་མཆོག། ཁྱོད་མཚན་རབ་ཏུ་གུས་ཤིང་བསྐུར་བ་ཡིས། འཛམ་གླིང་ས་སྟེང་ཡོངས་སུ་ཁྱབ་པར་ཤོག། ཁྱོད་མཚན་རབ་ཏུ་གུས་ཤིང་བསྐུར་བ་ཡིས། འཛམ་གླིང་ས་སྟེང་ཡོངས་སུ་ཁྱབ་པར་ཤོག། ༣་ འཛམ་གླིང་ཞི་བདེའི་འབྱུང་གནས་ཡབ་ཉིད་ཀྱི། ཆབ་སྲིད་ཀུན་ཏུ་དར་ཤིང་རྒྱས་པ་ཡིས། ཟབ་ཞིང་བླ་ན་མེད་པའི་དགོངས་པ་ཉིད། ས་འདིར་ཞིང་དང་མི་གཉིས་རྫོགས་པར་ཤོག། ཟབ་ཞིང་བླ་ན་མེད་པའི་དགོངས་པ་ཉིད། ས་འདིར་ཞིང་དང་མི་གཉིས་རྫོགས་པར་ཤོག། ༤་ བདག་ཅག་སྐྱེས་འགྲོར་དགོས་ངེས་བཟའ་བཏུང་གི། གྲུ་ཆར་ཉིན་རེ་བཞིན་དུ་འབེབས་མཛད་ཅིང། ཉིས་བྱས་བདག་སེགས་ཡིད་ལ་མི་འཇོག་བཞིན། གང་གིས་སྡིག་པ་ཅི་མཆིས་བཟོད་པར་གསེལ། ཉིས་བྱས་བདག་སེགས་ཡིད་ལ་མི་འཇོག་བཞིན། གང་གིས་སྡིག་པ་ཅི་མཆིས་བཟོད་པར་གསེལ། ༥་ བདག་ཅག་བར་ཆད་དྲག་པས་མ་ནན་ཞར། རྣམ་ཀུན་སྲུང་སྐྱོབ་ཟབ་མོས་སྐྱོང་བ་ཡིས། གདོན་བགེཊ་འབྱུང་པོའི་ཚོཊ་ལས་རབ་རྒྱལ་ཏེ། རྣམ་ཀུན་ཁྱོད་ཀྱི་ཐུཊ་དགོངས་སྒྲུབ་པར་ཤོག། གདོན་བགེཊ་འབྱུང་པོའི་ཚོཊ་ལས་རབ་རྒྱལ་ཏེ། རྣམ་ཀུན་ཁྱོད་ཀྱི་ཐུཊ་དགོངས་སྒྲུབ་པར་ཤོག།
( ཙ་བ་དཀོན་མཆོག་ལུ་བཀའ་དྲིན་ཆེ་ཞུ་ནི། དུས་བརྟན་བསྐྱངས་ངེ་གི་ཧིང་ལས་རང། ཙ་བ་དཀོན་མཆོག་ལུ་ཐུགས་ཛེ་ཆེ་ཞུ་ནི། དུས་བརྟན་བསྐྱངས་ངེ་གི་ཧིང་ལས་རང། ) ༢ ( སྟེང་ཕྱོགས་ལྷ་ཡུལ་ལས་འཛམ་གླིང་ནང་འབྱོན་གནང་ཡི། འཛམ་གླིང་ནང་འབྱོན་གནང་ཡི། ) ༢ ( ཙ་བ་དཀོན་མཆོག་གི་སྡིག་ཅན་ཚུ་ལུ། ཐར་པ་གནང་བ་འཛམ་གླིང་ནང་འབྱོན་ཡི། ) ༢ ཙ་བ་དཀོན་མཆོག་ལུ་བཀའ་དྲིན་ཆེ་ཞུ་ནི། དུས་བརྟན་བསྐྱངས་ངེ་གི་ཧིང་ལས་རང། དམ་ཚིག་གི་ཕ་མ་ཙ་བ་ཡི་ཤི། ཕ་མ་ཙ་བ་ཡི་ཤུ། སྐིང་ཛེ་གི་བང་ཛོད་ཙ་བ་ཡི་ཤུ། བང་ཛོད་ཙ་བ་ཡི་ཤུ། ( ཙ་བ་ཡི་ཤུ་འཁྲམ་ཤིང་གུ་འབྱོན་འདི། སྡིག་ཅན་ཆུ་གི་སྡིག་པ་གསལ་གནང་ཡི། ) ༢ ( ཙ་བ་དཀོན་མཆོག་ལུ་བཀའ་དྲིན་ཆེ་ཞུ་ནི། དུས་བརྟན་བསྐྱངས་ངེ་གི་ཧིང་ལས་རང། ཙ་བ་དཀོན་མཆོག་ལུ་ཐུགས་ཛེ་ཆེ་ཞུ་ནི། དུས་བརྟན་བསྐྱངས་ངེ་གི་ཧིང་ལས་རང། ) ༢
ཙ་བ་མེད་པ་ངེ་གི་མི་ཚེ་འདི། སྙིང་པོ་མིན་འདུག་འཛམ་གླིང་འདི་ནང། ( ཁྱོད་ང་དང་ཆགས་མེད་པ་ཅིན། འཁོར་བ་འདི་ནང་འཁྱམས་འདི་ལུད་ནི་མས། ) ༢ དཀོན་མཆོག་ཟེར་རུང་ཁྱོད་རང་ཨིན། ཕ་མ་ཟེར་རུང་ཁྱོད་རང་ཨིན། ( ཙ་བ་ཟེར་རུང་ཁྱོད་རང་རང་ཨིན། ) ༢ གསན་གནང་དཀོན་མཆོག་གི་གསུངས་ལུ་གསན་གནང། ཆ་རོགས་ཟློ་རོགས་ཚུ་གི། ( སྡིག་ཅན་མི་གི་དོན་ལས་བྱོན་གནང་ཡི། ཧ་ཡུལ་ལས་འཛམ་གླིང་ནང། ) ༢ དཀོན་མཆོག་ཟེར་རུང་ཁྱོད་རང་ཨིན། ཕ་མ་ཟེར་རུང་ཁྱོད་རང་ཨིན། ( ཙ་བ་ཟེར་རུང་ཁྱོད་རང་རང་ཨིན། ) ༢ ཙ་བ་མེད་པ་ངེ་གི་མི་ཚེ་འདི། སྙིང་པོ་མིན་འདུག་འཛམ་གླིང་འདི་ནང། ( ཁྱོད་ང་དང་ཆགས་མེད་པ་ཅིན། འཁོར་བ་འདི་ནང་འཁྱམས་འདི་ལུད་ནི་མས། ) ༣
འཕྱད་འོང་ལོག་སྟེ་ར་ འཕྱད་འོང་ ཞིང་ཁམས་ཀྱི་གྲོང་ཁྱེར་ནང་། འཛམ་གླིང་ནང་ཁ་འབྱལ་ཏེ་འབད་རུང་ ཞིང་ཁམས་ནང་ལོག་སྟེ་འཛོམ་འོང་། ཚར་གཅིག་སྐྱེས་ནི་ དེ་ལས་ཤི་ནི་ ཞིང་ཁམས་ཀྱི་བཀོད་གནང་གནངམ་ཨིན་མས། ས་གི་བཟོ་བའི་ལུས་འདི་སྨོ་ ལོག་སྟེ་ས་ན་ར་འགྱོ་དགོ་པས། རྣམ་ཤེས་ལུས་ལས་འཕྱལ་རུང་རང་ གཙོ་བོ་དང་མཉམ་གཅིག་ཁར་སྡོད་འོང་། དེ་ལས་ཞིང་ཁམས་རྒྱལ་སྲིད་ནང་ དགའ་བ་ཤུགས་སྦེ་འབྱུང་འོང་། འཕྱད་འོང་ལོག་སྟེ་ར་ འཕྱད་འོང་ ཞིང་ཁམས་ཀྱི་གྲོང་ཁྱེར་ནང་། ན་ཟུག་ཅན་གྱི་འཛམ་གླིང་འདི་སྨོ་ དུས་གཏན་རྐྱང་སྡོད་སའི་ས་ཁོངས་མེན། ཡབ་དཀོན་མཆོག་གིས་བཀོད་གནང་མི་ ཞིང་ཁམས་ང་བཅས་རའི་སྡོད་སའི་ཁྱིམ། དེ་ནང་འཆི་བ་རྩ་ལས་མེད་ དེ་ནང་འཁྲུལ་བ་རྩ་ལས་མེད། དེ་ནང་སྐྱོ་བ་རྩ་ལས་མེད་ དེ་ནང་ན་ཟུག་རྩ་ལས་མེད།
སྡོད་མི་ཚུ་འབད་བསྟོད་ཡངས་མ་འཕུལ་བར། གཙོ་བོ་ཡི་ཤུ་ལུ། (༢) བསྟོད་ཡངས། བསྟོད་ཡངས། བསྟོད་ཡངས། གཙོ་བོ་ལུ། (༢) ག་དེ་འབད་ཁུ་སིམ་སི་སྡོད་ནི། དཀོན་མཆོག་ཡི་ཤུ་གིས་ཐུགས་རྗེ་ལུ་ཚོར་འདི། ག་དེ་འབད་བསྟོད་ཡངས་མ་ཕུལ་ནི། གཙོ་བོ་ཡི་ཤུ་གིས་བཙེ་བ་ལུ་ཚོར་འདོ། སྡོད་མི་ཚུ་འབད་བསྟོད་ཡངས་མ་འཕུལ་བར། གཙོ་བོ་ཡི་ཤུ་ལུ། (༢) བསྟོད་ཡངས། བསྟོད་ཡངས། བསྟོད་ཡངས། གཙོ་བོ་ལུ། (༢)
སྲུང་ནང་མས་ག་ཅི་སྲུང་ནི་ཡོད་རུང་རང། ང་ཉན་ནི་ག་ཅི་སྲུང་ནི་ཡོད་རུང་རང། འཁྱིད་ནང་མས་ག་ཏེ་འཁྱིད་ནི་ཡོད་རུང་རང། ང་འགྱོ་ནི་ག་ཏེ་འཁྱིད་ནི་ཡོད་རུང་རང། ང་འདྲོག་རང་མི་འདྲོག། (༤) ང་གིས་དགའ་མི་ས་གནས་མཐོང་ཅི་ཁྱོད་ཀྱིས་འབད་ས། རེ་བ་འདི་རང་བསྐྱེད་འདི་ཀྱིས་ཡོད། ཁྱོད་ཅིག་ཁར་འགྱོ་ནི། ཁྱོད་བཟུམ་འབད་འབྱུར་ནི། ང་གིས་ཧིང་ལས་ཙ་འརྒྱོན་དོ། འཕྲལ་འཕྲལ་དཀོན་མཚོག་ཁྱོད་ཁྱོད། ཙ་བ་ལུ་འོང་ནི་སེམས་མི་ནོ་འེ། ཐག་རིང་སར་འགྱོཝ་ད་འུ། དེམ་ཅིག་རང་སྟོངམ་འགྱོཝ་མས། ཁྱོད་ངི་གིས་མི་ཚེ་ཨིན། ད་བྱོག་འདི་འགྱོ་མི་ཆུབ།
ཧོ་་་ཧོ་་་ཧོ་་་ (༤) ངི་ཧིང་གིས་རེ་བ་འདི་གཙོ་བོ་ལུ་ཕྱག་ཞུ་ནི། (༢) ངི་གིས་རེ་བ་ཟེར་རུང་རང། ངི་གིས་རེ་འདོད་ཟེར་རུང་རང། གཙོ་བོ་ཁྱོད་ལུ་ཕྱག་ཞུ་ནི་ཨིན། ཧོ་་་ཧོ་་་ཧོ་་་ (༤) ༡་ (རྣམ་ཤེས་དང་གཟུགས་མ་འབྲེལ་ཚུན་ཚོད། གཙོ་བོ་ལུ་རང་རེ་བ་བསྐྱོལ་ནི།) (༢) (བར་ཆད་ག་ཅི་འབྱུང་རུང་རང། འགྱུར་བ་མེད་པར་སྡོད་ནི་ང།) (༢) ངི་གིས་རེ་བ་ཟེར་རུང་རང། ངི་གིས་རེ་འདོད་ཟེར་རུང་རང། གཙོ་བོ་ཁྱོད་ལུ་ཕྱག་ཞུ་ནི་ཨིན། ཧོ་་་ཧོ་་་ཧོ་་་ (༤) ༢་ (གཙོ་བོ་དཀོན་མཆོག་ཡི་ཤུག་ལུ། དུས་གཏན་རྐྱང་རེ་བ་བསྐྱོལ་ནི།) (༢) (གནས་བསྟང་ག་ཅི་ཨིན་རུང་རང། སྔུག་བསྔལ་ག་ཅི་བཟུམ་ཕོག་རུང་རང།) (༢) ངི་གིས་རེ་བ་ཟེར་རུང་རང། ངི་གིས་རེ་འདོད་ཟེར་རུང་རང། གཙོ་བོ་ཁྱོད་ལུ་ཕྱག་ཞུ་ནི་ཨིན། ངི་ཧིང་གིས་རེ་བ་འདི་གཙོ་བོ་ལུ་ཕྱག་ཞུ་ནི། (༢) ངི་གིས་རེ་བ་ཟེར་རུང་རང། ངི་གིས་རེ་འདོད་ཟེར་རུང་རང། གཙོ་བོ་ཁྱོད་ལུ་ཕྱག་ཞུ་ནི་ཨིན། ཧོ་་་ཧོ་་་ཧོ་་་ (༤)
༡་ དཀོན་མཆོག་བཀའ་དྲིན་ཆེ། (༣) དཀོན་མཆོག་བཀའ་དྲིན་ཆེ་ཤོས་ཨིན། ༢་ ངེ་གི་སྡིག་པ་སེལ་ཡི། (༣) དཀོན་མཆོག་བཀའ་དྲིན་ཆེ་ཤོས་ཨིན། ༣་ ང་ལུ་རང་དབང་ཐོབ་ཅི། (༣) བཀའ་དྲིན་ཆེ་ཤོས་ཨིན།
༡་ བཀའ་དྲིན་ཆེ་ཡེ་ཤུ་ བཀའ་དྲིན་ཆེ་ཡེ་ཤུ་ བཀའ་དྲིན་ཆེ་ཡེ་ཤུ་ ངེ་གི་སེམས་ཁར་ལས། (༢) ༢་ བསྟོད་པ་ཕུལ་ནི་ཡེ་ཤུ་ བསྟོད་པ་ཕུལ་ནི་ཡེ་ཤུ་ བསྟོད་པ་ཕུལ་ནི་ཡེ་ཤུ་ ངེ་གི་སེམས་ཁར་ལས། (༢) ༣་ སྨོན་ལམ་ཞུ་ནི་ཡེ་ཤུ་ སྨོན་ལམ་ཞུ་ནི་ཡེ་ཤུ་ སྨོན་ལམ་ཞུ་ནི་ཡེ་ཤུ་ ངེ་གི་སེམས་ཁར་ལས། (༢) ༤་ ཧ་ལེ་ལུ་ཡཱ་ཡེ་ཤུ་ ཧ་ལེ་ལུ་ཡཱ་ཡེ་ཤུ་ ཧ་ལེ་ལུ་ཡཱ་ཡེ་ཤུ་ ངེ་གི་སེམས་ཁར་ལས། (༢)
༡་ ཁྱོད་ཀྱིས་གནང་མི་ཉིནམ་བཟང་དེ་ལུ།༣ གཙོ་བོ་བཀའ་དྲིན་ཆེ། ༢་ ཁྱོད་ཀྱིས་གནང་མི་ཞལ་ཟས་དེ་ལུ།༣ གཙོ་བོ་བཀའ་དྲིན་ཆེ། ༣་ ཁྱོད་ཀྱིས་གནང་མི་བྱིན་རླབས་དེ་ལུ།༣ གཙོ་བོ་བཀའ་དྲིན་ཆེ།
༡་ ང་བཅས་ཀྱི་སྐྱབས་མགོན་ཡེ་ཤུ་ཨིན་ ང་བཅས་ཀྱི་ཡིད་ཆེས་ཡེ་ཤུ་ཨིན། ང་བཅས་ཀྱིས་ཁོ་ལུ་དད་པ་སྐྱེད་དེ་ཡོད་ དད་པ་སྐྱེད། ༢་ ང་བཅས་ཀྱི་གཟི་བརྗིད་ཡེ་ཤུ་ཨིན་ ང་བཅས་ཀྱི་མི་ཙོ་ཡེ་ཤུ་ཨིན། ཁོ་གིས་ང་བཅས་ལུ་བྱིན་རླབས་གནངམ་ཨིན་ གནངམ་ཨིན། ༣་ ང་བཅས་ཀྱི་རེ་བ་ཡེ་ཤུ་ཨིན་ ང་བཅས་ཀྱི་གཟི་བརྗིད་ཡེ་ཤུ་ཨིན། ཁོ་གིས་ང་བཅས་ལུ་བྱིན་རླབས་གནང་མི་དེ་ལུ་ བཀའ་དྲིན་ཆེ།
༡་ ང་བཅས་དཀོན་མཆོག་གིས་དགའ་མི་ བུ་དང་བུ་མོ་ཚུ་ཨིན། ང་འདི་དྲོ་པ་ལོངས་ཏེ་སྨོན་ལམ་ཞུཝ་ཨིན། (༢) ༢་ ང་བཅས་དཀོན་མཆོག་གིས་དགའ་མི་ བུ་དང་བུ་མོ་ཚུ་ཨིན། དཀོན་མཆོག་གི་བཀའ་ལུ་རྟག་བུ་ཉན་ནི་ཨིན། (༢) ༣་ ང་བཅས་དཀོན་མཆོག་གིས་དགའ་མི་ བུ་དང་བུ་མོ་ཚུ་ཨིན། དཀོན་མཆོག་གི་གཏམ་བཟང་གཞན་ལུ་བཤད་ནི་ཨིན། (༢) ༤་ ང་བཅས་དཀོན་མཆོག་གིས་དགའ་མི་ བུ་དང་བུ་མོ་ཚུ་ཨིན། ངེ་གི་མི་ཚེ་དཀོན་མཆོག་གི་ཕྱག་ལུ་ཕུལཝ་ཨིན། (༢)
༡་ ང་བཅས་འདི་ནང་འཛོམས་ཏེ་ ཡབ་ཆེན་དཀོན་མཆོག་མཇལ་ཡི། ཁོ་ལུ་བསྟོད་པ་ཕུལ་གེ་ སོའོ་ ང་བཅས་ག་ར་འཛོམས་ཏེ་ལགས། ༢་ ཁོ་གི་བུ་དང་བུ་མོ་ ན་གཞོན་གར་འཛོམས་ས། དཀོན་མཆོག་ཡབ་ཆེན་བྱོན་འོང་ སོའོ་ ང་བཅས་སྦུག་ལུ་བྱོན་འོང་ལགས། ༣་ ཁོ་གི་མཚན་ལུ་བསྟོདཔ་འཕུལ་ ཁོ་གི་བཀའ་ལུ་ཉན་ད། གཙོ་བོ་ན་ལུ་བཞུགས་ཡོད་ སོའོ་ ང་བཅས་རྒྱལ་པོ་བྱོན་ཡོད་ལགས།
གཙོ་བོ་ཡེ་ཤུ་ལུ་བཀའ་དྲིན་ཆེ་ ཁྲམ་ཤིང་གུ་ག་གིས་གཤགས་ཅི། ཧ་ལེ་ལུ་ཡཱ་ ཧ་ལེ་ལུ་ཡཱ་ ཧ་ལེ་ལུ་ཡཱ་ ཨ་མེན།
༡་ གཙོ་བོ་ཡེ་ཤུའི་མཚན་སྦོམ་ཤོས་ཨིན་ གཙོ་བོ་ཡེ་ཤུའི་མཚན་སྦོམ་ཤོས་ཨིན། མཚན་ག་ར་གི་ནང་ལས་ ནམ་མཁའ་དང་ས་གཞི་ནང། གཙོ་བོ་ཡེ་ཤུའི་མཚན་སྦོམ་ཤོས་ཨིན་ གཙོ་བོ་ཡེ་ཤུའི་མཚན་སྦོམ་ཤོས་ཨིན། ༢་ གཙོ་བོ་ཡེ་ཤུའི་མཚན་སྙན་ཤོས་ཨིན་ གཙོ་བོ་ཡེ་ཤུའི་མཚན་སྙན་ཤོས་ཨིན། མཚན་ག་ར་གི་ནང་ལས་ ནམ་མཁའ་དང་ས་གཞི་ནང། གཙོ་བོ་ཡེ་ཤུའི་མཚན་སྙན་ཤོས་ཨིན་ གཙོ་བོ་ཡེ་ཤུའི་མཚན་སྙན་ཤོས་ཨིན། ༣་ གཙོ་བོ་ཡེ་ཤུའི་མཚན་མཐོ་ཤོས་ཨིན་ གཙོ་བོ་ཡེ་ཤུའི་མཚན་མཐོ་ཤོས་ཨིན། མཚན་ག་ར་གི་ནང་ལས་ ནམ་མཁའ་དང་ས་གཞི་ནང། གཙོ་བོ་ཡེ་ཤུའི་མཚན་མཐོ་ཤོས་ཨིན་ གཙོ་བོ་ཡེ་ཤུའི་མཚན་མཐོ་ཤོས་ཨིན།
འཛམ་བུ་གླིང་གི་ཨ་ལོ་ཀུན་ལུ་ ཡེ་ཤུ་གིས་བྱམས་པ་མཛདཔ་ཨིན། དམརཔ་དང་གསེརཔ་དང་ནགཔ་དང་དཀརཔ་ ཁོང་ཚུ་ག་བཟུམ་ཡོད་རུང་ཡང། ཁོ་གིས་ག་ར་ལུ་བྱམས་པ་མཛདཔ་ཨིན།
ཡེ་ཤུ་གིས་ང་ལུ་ཕངསམ་ཨིན་ གསུང་རབ་ནང་ལུ་གསུངས་ཏེ་འདུག། ཨ་ལོ་དེ་ཚུ་ཁོ་གི་ཨིན་ ཁོང་ཚུ་ཤུགས་ཆུང་རུང་ཁོ་ཤུགས་ཆེ། ཡེ་ཤུ་གིས་ང་ལུ་ཕངསམ་ཨིན་ ཡེ་ཤུ་གིས་ཁྱོད་ལུ་ཕངསམ་ཨིན། ཡེ་ཤུ་གིས་ང་ལུ་ཕངསམ་ཨིན་ གསུང་རབ་ནང་ལུ་གསུངས་ཏེ་འདུག།
ཀྱེ་དཀོན་མཆོག ཞིང་ཁམས་དང་ས་གཞི། ཁྱོད་ཀྱི་དབང་ཤུགས་ཀྱིས་མཛད་གནང་ཡི། ཀྱེ་དཀོན་མཆོག ཞིང་ཁམས་དང་ས་གཞི། ཁྱོད་ཀྱི་ཕྱག་གིས་མཛད་མཛདཔ་ཨིན། ཁྱོད་ལུ་ལཱ་ཁག་ག་ནི་ཡང་མེད་ ཁྱོད་ལུ་ལཱ་ཁག་ག་ནི་ཡང་མེད། ང་བཅས་ཀུན་དབང་གི་དཀོན་མཆོག་ བཀའ་དང་མཛད་པ་ཚུ་སྦོམ་ཡོད་ ག་ནི་ཡང་ ག་ནི་ཡང་ རྩ་ལས་རང་ག་ནི་ཡང། ཁྱོད་ལུ་ལཱ་ཁག་ག་ནི་ཡང་མེད། ག་ནི་ཡང་ ག་ནི་ཡང་ རྩ་ལས་རང་ག་ནི་ཡང་ ཁྱོད་ལུ་ལཱ་ཁག་ག་ནི་ཡང་མེད།
༡་ དཀོན་མཆོག་ཁྱོད་ཀྱི་བྱམས་པ་འདི། རྒྱ་མཚོ་གཏིང་ལས་རིང་མས་ས། རྒྱ་མཚོ་གཏིང་ལས་རིང་བའི་བྱམས་པ་འདི། སྡིག་ཅན་ང་ལུ་མཛད་གནང་ཤོག། ༢ ༢་ དཀོན་མཆོག་ཁྱོད་ཀྱི་སྙིང་རྗེ་འདི། གནམ་བ་མཐོ་བས་ས། གནམ་བ་མཐོ་བའི་སྙིང་རྗེ་འདི། སྡིག་ཅན་ང་ལུ་མཛད་གནང་ཤོག། ༢ ༣་ དཀོན་མཆོག་ཁྱོད་ཀྱི་ཐུགས་རྗེ་འདི། ཤར་ལས་ནུབ་བ་རིང་མས་ས། ཤར་ལས་ནུབ་བ་རིང་བའི་ཐུ་གས་རྗེ་འདི། སྡིག་ཅན་ང་ལུ་མཛད་གནང་མས། ༢ ༤་ དཀོན་མཆོག་ཁྱོད་ཀྱི་བྱིན་རླབས་འདི། འཇིག་རྟེན་ཀུན་ལུ་ཁྱབ་པས་ས། འདིག་རྟེན་ཀུན་ལུ་ཁྱབ་པའི་བྱིན་རླབས་འདི། སྡིག་ཅན་ང་ལུ་གནང་བར་ཤོག། ༢
༡་ དཀོན་མཆོག་གི་སྐུ་མདུན་ལུ།༢ གཟི་བརྗིད་ཀྱི་གང་སྟེ་ཡོད། ༢ ཤོག་ ཤོག་ས་དབའི་ ཁོ་གི་མཚན་འདི་ ཡར་སེངས་བཏང་གེ། ༢ ༢་ དཀོན་མཆོག་གི་སྐུ་མདུན་ལུ།༢ བྱམས་པ་གི་གང་སྟེ་ཡོད། ༢ ཤོག་ ཤོག་ས་དབའི་ ཁོ་གི་མཚན་འདི་ ཡར་སེངས་བཏང་གེ། ༢ ༣་ དཀོན་མཆོག་གི་སྐུ་མདུན་ལུ།༢ བརྕེ་བ་གི་གང་སྟེ་ཡོད། ༢ ཤོག་ ཤོག་ས་དབའི་ ཁོ་གི་མཚན་འདི་ ཡར་སེངས་བཏང་གེ། ༢ ༤་ དཀོན་མཆོག་གི་སྐུ་མདུན་ལུ།༢ སྙིང་རྗེ་གི་གང་སྟེ་ཡོད། ༢ ཤོག་ ཤོག་ས་དབའི་ ཁོ་གི་མཚན་འདི་ ཡར་སེངས་བཏང་གེ། ༢ ༥་ དཀོན་མཆོག་གི་སྐུ་མདུན་ལུ།༢ ཐུགས་རྗེ་གི་གང་སྟེ་ཡོད། ༢ ཤོག་ ཤོག་ས་དབའི་ ཁོ་གི་མཚན་འདི་ ཡར་སེངས་བཏང་གེ། ༢
བཀའ་དྲིན་ཆེ་ཡེ་ཤུ། ང་ལུ་བྱམས་པ་མཛད་པའི་དོན་ལུ། ༢ ཁྱོད་ཀྱི་ང་ལུ་དགའ་སྐྱིད་གནང་ཡི། ཁྱོད་ཀྱི་ང་ལུ་ཚེ་ཡང་གནང་ཡི། ༢ འདི་འབདཝ་ལས་དགའ་ཚོར་འབད་དེ། སེམས་དགའ་ཡི་དགའ་ཡི་སྡོད་ནི་ཨིན། ༢ བཀའ་དྲིན་ཆེ་ཡེ་ཤུ། ང་ལུ་བྱམས་པ་མཛད་པའི་དོན་ལུ། ༢
ཁ་ཙ་ད་རེས་དུས་རྟག་བུ་རང་ ཡེ་ཤུ་འགྱུར་ནི་མེད། ང་བཅས་འགྱུར་བ་འགྱོ་སྟེ་འབད་རུང་ ཁོ་ ནམ་ཡང་མི་འགྱུར། ཁོ་ལ་བསྟོད་པ་འཕུལ། ༢ ང་བཅས་འགྱུར་བ་འགྱོ་སྟེ་འབད་རུང་ ཁོ་ ནམ་ཡང་མི་འགྱུར།
༡་ དགའ་བ་ལ་དང་དགའ་བ་ལ་ སྐྱིད་པ་ལ་དང་སྐྱིད་པ་ལ། སྐྱབས་མགོན་གཙོ་བོ་ཡེ་ཤུ་གིས་ ཉིནམ་གསར་པ་གནང་མི་དེ། ཐུགས་རྗེ་ཆེ་ བཀའ་དྲིན་ཆེ་ ང་བཅས་སེམས་ནང་ལས་ ཁྱོད་ལུ་བསྟོད་དབྱངས་ཕུལ། ༢ ༢་ ད་རེས་ཀྱི་ཉིནམ་དེ་ལུ་ བཀྲ་ཤིས་པར་འོང་བར་ཤོག ང་བཅས་ཁྱོད་ལུ་བསྟོད་པ་ཕུལཝ་ཨིན་ ང་བཅས་ལུ་བྱམས་པ་གནང་ཡོད། ༣་ སྐྱབས་མགོན་ཡེ་ཤུ་ང་བཅས་ལུ་ སྡིག་པ་ལས་ཐར་པ་མཛད་གནང། ང་བཅས་མི་ཚེ་སྐྱིད་པུ་འོང་དོན་ལུ་ ང་བཅས་ལུ་བྱིན་རླབས་གནང་རོགས་མཛོད།
༡་ དགའ་བའི་གླུ་གཅིག་འཐེན་ཏེ། སྐྱིད་པའི་སྒྲོ་གཅིག་འཆམ་སྟེ། (ཤོག་ངེ་གི་ཆ་རོགས་ དཀོན་མཆོག་ལུ་བསྟོད་པ་ཕུལ་གེཤོག།) ༢ (ཧ་ལེ་ལུ་ཡ) ༤ ༢་ སྐད་གཅེག་ཤུགས་སྦེ་རྐྱབས་ཏེ། ལགཔ་གཉིས་གནམ་ཁ་འཐུ་སྟེ། (ཤོག་ངེ་གི་ཆ་རོགས་ དཀོན་མཆོག་ལུ་བསྟོད་པ་ཕུལ་གེཤོག།) ༢ (ཧ་ལེ་ལུ་ཡ) ༤ ༣་ སེམས་ཀྱི་སྒོ་འདི་ཕྱེ་སྟེ། དད་པ་ཧིང་ལས་སྐྱེད་དེ། (ཤོག་ངེ་གི་ཆ་རོགས་ དཀོན་མཆོག་ལུ་བསྟོད་པ་ཕུལ་གེཤོག།) ༢ (ཧ་ལེ་ལུ་ཡ) ༤ ༤་ གསུང་རབ་ཡང་ཡང་མཇལ་ཏེ། བདེན་པའི་ལམ་བདའ་འགྱོ་གེ། (ཤོག་ངེ་གི་ཆ་རོགས་ དཀོན་མཆོག་ལུ་བསྟོད་པ་ཕུལ་གེཤོག།) ༢ (ཧ་ལེ་ལུ་ཡ) ༤
༡་ རྒྱལ་པོ་རྣམས་ཀྱི་རྒྱལ་པོ་ལ་ ཕག་འཚལ་ལོ། སྐྱབས་མགོན་གཙོ་བོ་ཡེ་ཤུ་ལ་ གསོལ་བ་འདེབས། ༢ ༢་ དམ་པའི་ཞིང་ཁམས་བཞག་སྟེ་ལ་ མིའི་ཡུལ་ལུ་བྱོན། སྐྱབས་མགོན་གཙོ་བོ་ཡེ་ཤུ་ལ་ ཐུགས་རྗེ་ཆེ། ༢ ༣་ འཛམ་གླིང་མུན་པ་སེལ་ཏེ་ལ་ འོད་ཀྱི་ཁྱབ། སྐྱབས་མགོན་གཙོ་བོ་ཡེ་ཤུ་ལ་ འོད་ཟེར་ཨིན། ༢ ༤་ དཀོན་མཆོག་རྣམས་ཀྱི་དཀོན་མཆོག་ལ་ གསོལ་བ་འདེབས། སྐྱབས་མགོན་གཙོ་བོ་ཡེ་ཤུ་ལ་ སྙིང་རྗེ་ཨིན། ༢ ༥་ མི་རྣམས་ཀུན་གྱི་སྡིག་བཤགས་ལ་ གནང་བ་བྱོན། སྐྱབས་མགོན་གཙོ་བོ་ཡེ་ཤུ་ལ་ བཀྲིན་ཆེ། ༢ ༦་ སྐྱབས་མགོན་གཙོ་བོ་ཡེ་ཤུ་ལ་ གསོལ་བ་འདེབས་ལ། སྐྱབས་མགོན་གཙོ་བོ་ཡེ་ཤུ་ལ་ ཐུགས་རྗེ་ཆེ། ༢
རྒྱལ་པོ་ཚུ་གིརྒྱལ་པོ་ཡེ་ཤུ་ ཧ་ལེ་ལུ་ཡ། གཙོ་བོ་ཚུ་གི་གཙོ་བོ་ཡེ་ཤུ་ ཧ་ལེ་ལུ་ཡ། ཡེ་ཤུ་ཞི་བདེ་གི་རྒྱལ་པོ་ ཧ་ལེ་ལུ་ཡ། ༢ རྒྱལ་པོ་ཚུ་གི་རྒྱལ་པོ་ཡེ་ཤུ་ ཧ་ལེ་ལུ་ཡ། གཙོ་བོ་ཚུ་གི་གཙོ་བོ་ཡེ་ཤུ་ ཧ་ལེ་ལུ་ཡ། ཡེ་ཤུ་དྲགཔ་བཟོ་མི་རྒྱལ་པོ་ ཧ་ལེ་ལུ་ཡ། ༢ རྒྱལ་པོ་ཚུ་གི་རྒྱལ་པོ་ཡེ་ཤུ་ ཧ་ལེ་ལུ་ཡ། གཙོ་བོ་ཚུ་གི་གཙོ་བོ་ཡེ་ཤུ་ ཧ་ལེ་ལུ་ཡ། ཡེ་ཤུ་བསྟོད་པ་གི་རྒྱལ་པོ་ ཧ་ལེ་ལུ་ཡ། ༢ རྒྱལ་པོ་ཚུ་གི་རྒྱལ་པོ་ཡེ་ཤུ་ ཧ་ལེ་ལུ་ཡ། གཙོ་བོ་ཚུ་གི་གཙོ་བོ་ཡེ་ཤུ་ ཧ་ལེ་ལུ་ཡ།
༡་ ང་གིས་ལགས་གཉིས་ཐལ་མོ་བྱར་ཏེ་གིས། ང་གིས་ཁ་ལས་བསྟོད་པ་འཕུལ་འདི་གིས། སེམས་ཁར་དགའ་ཚོར་བཀའ་དྲིན་བསམ་འདི་གིས། གཙོ་བོ་ང་གིས་ཁྱོད་ལུ་བསྟོདཔ་འཕུལ་གེ། ༢ ༢་ ཡེ་ཤུ་ཁྱོད་ལུ་བསྟོད་པ་ཕུལ་དགོ་མནོཝ་མས། ཁྱོད་ལུ་དགའཝ་མས་ཟེར་ཞུ་དགོ་མནོཝ་མས། སེམས་ཁར་དགའ་་་་་། གཙོ་བོ་ང་གིས་་་་་། ༢ ༣་ ཡེ་ཤུ་ང་ལུ་ག་ཅི་འབད་རུང་བཏུབ། ཁྱོད་ཀྱི་དམ་པའི་མཚན་ལུ་བསྟོདཔ་འཕུལ་གེ། སེམས་ཁར་དགའ་་་་་། གཙོ་བོ་ང་གིས་་་་་། ༢
༡་ ང་བཅས་ཀྱི་གཙོ་བོ་ཡེ་ཤུ་ རིན་ཆེ་ཤོས་ཨིན། ༢ ཁྱོད་ང་བཅས་ལུ་ཕངསམ་ཨིན།༢ ང་ཁྱོད་ལུ་རང་ དགའ། ༢་ ང་བཅས་ཀྱི་གཙོ་བོ་ཡེ་ཤུ་ བཀའ་དྲིན་ཆེ་ཤོས་ཨིན། ༢ ཁྱོད་ང་བཅས་ལུ་ཕངསམ་ཨིན།༢ ང་ཁྱོད་ལུ་རང་ དགའ། ༣་ ང་བཅས་ཀྱི་གཙོ་བོ་ཡེ་ཤུ་ གཟི་བརྗིད་ཆེ་ཤོས་ཨིན། ༢ ཁྱོད་ང་བཅས་ལུ་ཕངསམ་ཨིན།༢ ང་ཁྱོད་ལུ་རང་ དགའ། ༤་ ང་བཅས་ཀྱི་གཙོ་བོ་ཡེ་ཤུ་ སྙིང་རྗེ་ཆེ་ཤོས་ཨིན། ༢ ཁྱོད་ང་བཅས་ལུ་ཕངསམ་ཨིན།༢ ང་ཁྱོད་ལུ་རང་ དགའ།
ང་བཅས་གཙོ་བོ་ཡེ་ཤུ་འདི།༢ དཀོན་མཆོག་རྣམས་ཀྱི་དཀོན་མཆོག་ཨིན། (༣) ང་བཅས་གཙོ་བོ་ཡེ་ཤུ་འདི།༢ གཙོ་བོ་རྣམས་ཀྱི་གཙོ་བོ་ཨིན། (༣) ང་བཅས་གཙོ་བོ་ཡེ་ཤུ་འདི།༢ རྒྱལ་པོ་རྣམས་ཀྱི་རྒྱལ་པོ་ཨིན། (༣) ང་བཅས་གཙོ་བོ་ཡེ་ཤུ་འདི།༢ བྱམས་དང་སྙིང་རྗེ་ཆེ་མི་ཆེ། (༣) ང་བཅས་གཙོ་བོ་ཡེ་ཤུ་འདི།༢ ཐུགས་རྗེ་བྱིན་རླབས་ཆེ་མི་ཆེ། (༥)
ངེའི་སེམས་ཀྱིས་ཁྱོད་ལུ། ཧིང་ལས་བསཏོད་པ་ཕུལ།༢ ཨོ་ཨོ་་་་ཨོ་ཧོ་་་ (༢) ངེའི་ལུས་ཀྱི་ཁྱོད་ལུ། ཧིང་ལས་བསཏོད་པ་ཕུལ།༢ ཨོ་ཨོ་་་་ཨོ་ཧོ་་་ (༢) ངེའི་མི་ཚོ་ཁྱོད་ལུ། ཧིང་ལས་བསཏོད་པ་ཕུལ།༢ ཨོ་ཨོ་་་་ཨོ་ཧོ་་་ (༢)
༡་ ངེའི་སེམས་ལས་བསྟོད་རག་ཡོད་ ལག་པ་ཡར་བརྐྱང་སྟེ་ཡོད། ཡེ་ཤུ་ང་ཁྱོད་ལུ་རང་ བཀའ་དྲིན་ཆེ་ཞུ་ནི་ཨིན། ༢་ བཀའ་དྲིན་ཆེ་ཞུ་ནི་ཨིན་ བཀའ་དྲིན་ཆེ་ཞུ་ནི་ཨིན། ཡེ་ཤུ་ང་ཁྱོད་ལུ་རང་ བཀའ་དྲིན་ཆེ་ཞུ་ནི་ཨིན། ༣་ ཧ་ལེ་ལུ་ཡཱ་གཙོ་བོ་ ཧ་ལེ་ལུ་ཡཱ་གཙོ་བོ། ཡེ་ཤུ་ང་ཁྱོད་ལུ་རང་ བཀའ་དྲིན་ཆེ་ཞུ་ནི་ཨིན།
༡་ ངེའི་སེམས་ལས་ཡབ་དཀོན་མཆོག་ལུ་ དགའ་བའིགླུ་དབྱངས་ཕུལ་ཡི། ཁོ་གི་དམ་པའི་མཚན་ལུ་ བསྟོད་པ་གཏང་རག་ཕུལ་ཡི། (༢) ༢་ ཁོ་བླ་ན་མེད་པའི་དཀོན་མཆོག་ཨིན་ བསྟོད་པ་ཕུལ་དགོ་པའི་དཀོན་མཆོག་ཨིན། ཁོ་གཟི་བརྗིད་ཆེན་པོའི་དཀོན་མཆོག་ཨིན། ཁོ་རྐྱངམ་ཅིག་ཀུན་དབང་གི་དཀོན་མཆོག་ཨིན་། (༢) ༣་ ངེའི་སེམས་ལས་ཡབ་དཀོན་མཆོག་ལུ་ ཉིནམ་རྟག་བུ་བསྙེན་བཀུར་ཞུ་ཡི། ཁོ་གི་དམ་པའི་མཚན་ལུ་ ཉིན་མཚན་མེད་པར་ཕྱག་འཚལ་ཡི། (༢) ༤་ ཁོ་བླ་ན་མེད་པའི་དཀོན་མཆོག་ཨིན་ བསྟོད་པ་ཕུལ་དགོ་པའི་དཀོན་མཆོག་ཨིན། ཁོ་གཟི་བརྗིད་ཆེན་པོའི་དཀོན་མཆོག་ཨིན། ཁོ་རྐྱངམ་ཅིག་ཀུན་དབང་གི་དཀོན་མཆོག་ཨིན། (༢) ༥་ ངེའི་སེམས་ལས་ཡབ་དཀོན་མཆོག་ལུ་ དགའ་བའི་གླུ་དབྱངས་ཕུལ་ཡི། ཁོ་གི་དམ་པའི་མཚན་ལུ་ བསྟོད་པ་གཏང་རག་ཕུལ་ཡི། (༢)
ཆ༌རོགས༌ཚུ༌ ཤོག༌ས༌དབའི། དཀོན༌མཆོག༌ལུ༌ བསྟོད་པ་འཕུལ༌གེ། གཟི་བརྗིད༌ཅན༌གྱི༌ དཀོན༌མཆོག༌ལུ། ང་བཅས་ག་ར༌ བསྟོད་པ་འཕུལ༌གེ། ཧ་ལེ་ལུ་ཡ་ ཧ་ལེ་ལུ་ཡ། (༨) ཆ༌རོགས༌ཚུ༌ ཤོག༌ས༌དབའི། དཀོན༌མཆོག༌ལུ༌ དགའ༌ཚོར༌བསམ༌གེ། བྱམས༌པ༌ཅན༌གྱི༌ དཀོན༌མཆོག༌ལུ། སེམས༌ཀྱི༌གདིང༌ལས༌ དགའ༌ཚོར༌བསམ༌གེ། ཧ་ལེ་ལུ་ཡ་ ཧ་ལེ་ལུ་ཡ། (༨)
འཇིག་རྟེན་གྱི་འོད་ གཙོ་བོ༌ཡེ༌ཤུ༌ཨིན། གཟི༌བརྗིད༌ཀྱི༌གཙོ༌བོ་ གཙོ་བོ༌ཡེ༌ཤུ༌ཨིན། གཙོ༌བོ༌རྣམས༌ཀྱི༌གཙོ༌བོ༌ ཡེ༌ཤུ༌ཨིན། རྒྱལ༌པོ༌རྣམས༌ཀྱི༌རྒྱལ༌པོ༌ གཙོ་བོ༌ཡེ༌ཤུ༌ཨིན། མི༌རིགས༌ག༌རའི༌སྐྱབས༌མགེན༌ གཙོ་བོ༌ཡེ༌ཤུ༌ཨིན། དཀོན༌མཚོག༌གི༌སྲས༌གཅིགཔ༌ གཙོ་བོ༌ཡེ༌ཤུ༌ཨིན།
༡༌ ད་རེས་ཀྱི་ཉིནམ་འདི༌༢ གཙོ༌བོ༌གིས༌མཛད༌ཅི༌ གཙོ༌བོ༌གིས༌མཛད༌ཅི། ཉིན༌མ༌འདི༌ལུ༌༢ ང༌བཅས༌དགའ༌བས༌ ང༌བཅས༌སྐྱིད༌པས། ད༌རེས༌ཀྱི༌ཉིནམ༌འདི༌ གཙོ༌བོ༌གིས༌མཛད༌ཅི། ང༌བཅས༌དགའ༌སྤྲོ༌འགྱུར༌ཏེ༌ སེམས༌དགའཝ༌ཨིན། ད༌རེས༌ཀྱི༌ཉི༌ནམ༌འདི༌༢ གཙོ༌བོ༌གིས༌མཛད༌ཅི།
༡༌ ད་རེས་ང་བཅས་འཛོམས་ཏེ་ སྐལ༌བ༌བཟང༌། གཙོ༌བོ༌ཡཱ༌ཧོ༌ཝའི༌བཀའ༌དྲིན༌ཨིན༌ སྐལ༌བ༌བཟང༌། ག༌ར༌ཡར༌ལུ༌བཞེངས༌ཏེ༌ སྐལ༌བ༌བཟང༌། དགོས༌པའི༌འདོད༌པ༌ཁོ༌ལས༌ཞུ༌ སྐལ༌བ༌བཟང༌། ༢༌ ད༌རེས༌ང༌བཅས༌འཛོམས༌ཏེ༌ སྐལ༌བ༌བཟང༌། སྐྱབས༌མགོན༌ཡེ༌ཤུའི༌ཐུགས༌རྗེ༌ཨིན༌ སྐལ༌བ༌བཟང༌། ག༌ར༌ཡར༌ལུ༌བཞེངས༌ཏེ༌ སྐལ༌བ༌བཟང༌། རེ༌བ༌ག༌ར༌ཁོ༌ལས༌ཞུ༌ སྐལ༌བ༌བཟང༌། ༣༌ ད༌རེས༌ང༌བཅས༌འཛོམས༌ཏེ༌ སྐལ༌བ༌བཟང༌། དམ༌པའི༌ཐུགས༌ཉིད༌ཀྱི༌དབང༌ཨིན༌ སྐལ༌བ༌བཟང༌། ག༌ར༌ཡར༌ལུ༌བཞེངས༌ཏེ༌ སྐལ༌བ༌བཟང༌། དགའ༌སྤྲོའི༌བསྟོད༌དབྱངས༌ཁོ༌ལུ༌ཕུལ༌ སྐལ༌བ༌བཟང༌།
དམ་པ་དམ་པ་དཀོན་མཆོག་དམ་པ་ཨིན། དབང༌ཤུགས༌ལྡན༌པའི༌གཙོ༌བོ་དམ་པ་ཨིན། དམ༌པའི༌སྲས༌སྲསམོ༌རྣམས༌ཀྱི༌སེམས༌ཁ༌བཞག། ཡེ་ཤུ་འཛ་མ་གླིང་ནང་ལུ་མྱུར་དུ་བྱོན། འཛ་མ་གླིང་ཡོང་སུ་རྗོགས་པའི་དུས་འོང་དོ། གཙོ་བོ་གི་གནང་མིའདམ་བཅའ་སྙིང་ལུ་དྲན། གནམ་དང་སའདི་ཡལ་ཏེ་སྟོང་པ་འགྱུར། དཀོན་མཆོག་གསུངས་པའི་གསུང་འདི་བརྟན་པར་གནས།
དམ་པ་དམ་པ་དམ་པ་ དབང་ཤུགས་ལྡན་པའི་དཀོན་མཆོག་ ཁྱོད་ཀྱི་གཟི་བརྗིད་ས་དང་ཞིང་ཁམས་གང་ཡོད། (༢) ཧོ་ཤ་ན་ ཧོ་ཤ་ན་ བླ་མེད་དཀོན་མཆོག་ལུ་ཕུལ། (༢) དམ་པ་དམ་པ་དམ་པ་ དབང་ཤུགས་ལྡན་པའི་དཀོན་མཆོག་ ཁྱོད་ཀྱི་གཟི་བརྗིད་ས་དང་ཞིང་ཁམས་གང་ཡོད། (༢)
༡་ དམ་པའི་ཐུགས་ཉིད་བྱོན། ང་བཅས་འབད་ས་བྱོན། སྡིག་པ་བཤགས་པ་བཞེས། ཐར་པ་ང་ལུ་གནང།༢ ཧ་ལེ་ལུ་ཡ་་་༤ ༢་ དམ་པའི་ཐུགས་ཉིད་བྱོན། ང་བཅས་འབད་ས་བྱོན། བྱམས་པ་ང་ལུ་མཛད། རྩེ་བ་ང་ལུ་གནང།༢ ཧ་ལེ་ལུ་ཡ་་་༤ ༣་ དམ་པའི་ཐུགས་ཉིད་བྱོན། ང་བཅས་འབད་ས་བྱོན། ཞི་བདེ་ང་ལུ་མཛད། དགའ་སྐྱིད་ང་ལུ་གནང།༢ ཧ་ལེ་ལུ་ཡ་་་༤
༡༌ བླ༌མེད་དཀོན་མཆོག༌ ཁྱོད༌བཟུམ༌གཅིག༌ འཇིག༌རྟེན༌ནང༌ག༌ཡང༌མེད། ང༌ཁྱོད༌ལུ༌རང༌ ཕྱག༌འཚལ༌ནི༌ཨིན༌ འདི༌བཟུམ༌འབདཝ༌ད༌སེམས༌དགའ༌བས། བཞི༌བདེའི༌རྒྱལ༌སྲས༌ ཁྱོད༌འདི༌ངེ༌གི༌དམ༌པ༌ཨིན། བླ༌མེད༌དཀོན༌མཆོག༌ ང༌ཁྱོད༌ལུ༌རང༌ བསྟོད༌པ༌ཕུལ༌ནི༌ཨིན།
གཙོ་བོ་ཡེ་ཤུ་ བཀའ་དྲིན་ཆེ་ཞུ༌ ང༌ལུ༌བྱམས༌པ༌མཛད༌དེ། ༢ ༡༌ ཁྲམ༌ཤིང༌གུ༌བྱོན༌ཏེ༌ ངེ༌གི༌དོན༌ལུ༌གཤགས༌ཅི༌ ང༌ལུ༌བྱམས༌པ༌མཛད༌དེ། ༢ ༢༌ ངུར༌ཁུང༌ལས༌བཞེངས༌ཏེ༌ མི༌ཚེ༌གསར༌པ༌འདི༌ ཁྱོད༌ཀྱི༌ང༌ལུ༌གནང༌ཡོད། ༢
༡༌ གཙོ་བོ་ཡེ་ཤུ་བྱོན་ཏེ་གནང༌། ངེ༌གི༌སེམས༌ཁར༌ བྱོན༌ཏེ༌གནང༌ བྱོན༌ཏེ༌གནང༌། ཧ༌ལེ༌ལུ༌ཡཱ༌ ཧ༌ལེ༌ལུ༌ཡཱ༌ ཧ༌ལེ༌ལུ༌ཡཱ༌ ཧ༌ལེ༌ལུ༌ཡཱ༌ ཧ༌ལེ༌ལུ༌ཡཱ། ༢༌ གཙོ༌བོ༌ཡེ༌ཤུ༌ གཟིགས༌ཏེ༌གནང༌། ངེ༌གི༌སེམས༌ནང༌ གཟིགས༌ཏེ༌གནང༌ གཟིགས༌ཏེ༌གནང༌། ཧ༌ལེ༌ལུ༌ཡཱ༌ ཧ༌ལེ༌ལུ༌ཡཱ༌ ཧ༌ལེ༌ལུ༌ཡཱ༌ ཧ༌ལེ༌ལུ༌ཡཱ༌ ཧ༌ལེ༌ལུ༌ཡཱ། ༣༌ གཙོ༌བོ༌ཡེ༌ཤུ༌གསན༌ཏེ༌གནང༌། ངེ༌གི༌སྨོན༌ལམ༌ གསན༌ཏེ༌གནང༌ གསན༌ཏེ༌གནང༌། ཧ༌ལེ༌ལུ༌ཡཱ༌ ཧ༌ལེ༌ལུ༌ཡཱ༌ ཧ༌ལེ༌ལུ༌ཡཱ༌ ཧ༌ལེ༌ལུ༌ཡཱ༌ ཧ༌ལེ༌ལུ༌ཡཱ། ༤༌ གཙོ༌བོ༌ཡེ༌ཤུ༌ ཐུགས༌རྗེ༌གཟིགས༌ ངེ༌གིཚེ༌ན༌ ཐུགས༌རྗེ༌གཟིགས༌ ཐུགས༌རྗེ༌གཟིགས། ཧ༌ལེ༌ལུ༌ཡཱ༌ ཧ༌ལེ༌ལུ༌ཡཱ༌ ཧ༌ལེ༌ལུ༌ཡཱ༌ ཧ༌ལེ༌ལུ༌ཡཱ༌ ཧ༌ལེ༌ལུ༌ཡཱ། ༥༌ གཙོ༌བོ༌ཡེ༌ཤུ༌ སྙིང༌རྗེ༌གཟིགས༌ ངེ༌གི༌ཚེ༌ན༌ སྙིང༌རྗེ༌གཟིགས༌ སྙིང༌རྗེ༌གཟིགས། ཧ༌ལེ༌ལུ༌ཡཱ༌ ཧ༌ལེ༌ལུ༌ཡཱ༌ ཧ༌ལེ༌ལུ༌ཡཱ༌ ཧ༌ལེ༌ལུ༌ཡཱ༌ ཧ༌ལེ༌ལུ༌ཡཱ།
༡༌ གཙོ་བོ་ཡེ་ཤུ་མ་ཤི་ཀ་ལུ༌ ཁྱོད༌ལས༌ནི༌ང༌ལུ༌ ཡ༌འ༌ལ༌ ཐར༌པ༌བྱུང། ཁྱོད༌ལས༌ནི༌ང༌ལུ༌ ཡ༌འ༌ལ༌ ཐར༌པ༌བྱུང། ༢༌ གཙོ༌བོ༌ཡེ༌ཤུ༌མ༌ཤི༌ཀ༌ལུ༌ ངེ༌སེམས༌ལས༌ནི༌ ཡ༌འ༌ལ༌ ཁྱོད༌ལུ༌བསྟོད༌པ༌པཧུལ། ངེ༌སེམས༌ལས༌ནི༌ ཡ༌འ༌ལ༌ ཁྱོད༌ལུ༌བསྟོད༌པ༌ཕུལ། ༣༌ ཧ༌ལེ༌ལུ༌ཡཱ༌ ཡེ༌ཤུ༌མ༌ཤི༌ཀ༌ལུ༌ ངེ༌སེམས༌ལས༌ནི༌ ཡ༌འ༌ལ༌ ཁྱོད༌ལུ༌བསྟོད༌པ༌ཕུལ། ངེ༌སེམས༌ལས༌ནི༌ ཡ༌འ༌ལ༌ ཁྱོད༌ལུ༌བསྟོད༌པ༌ཕུལ།
༡༌ ཡ༌མཚན༌ཆེ༌བའི༌ཐུགས༌རྗེ༌ ག༌དེ༌ཅིག༌སྦོམ༌སྨོ། ང༌ལུ༌བྱམས༌མཛད༌དེ༌ དམྱལ༌བའི༌མེ༌ལས༌སྐྱབས༌མཛད། ཧིང༌ལས༌བཀའ༌དྲིན༌དགའ༌ཚོར༌ཡོད། བསྟོད༌པ༌དང༌གཏང༌རག༌ཁྱོད༌ལུ༌ཕུལ། ༢༌ ལམ༌བྱང༌སྟེ༌ལུས༌མི༌ ལམ༌འགྲུལ༌པ༌ང། ཡེ༌ཤུ༌ཁྱོད༌དང༌མཇལ༌ཏེ༌བདེན༌པའི༌ལམ༌ཅིག༌ཐོབ༌ཅི། ཧིང༌ལས༌བཀའ༌དྲིན༌དགའ༌ཚོར༌ཡོད། བསྟོད༌པ༌དང༌གཏང༌རག༌ཁྱོད༌ལུ༌ཕུལ། ༣༌ རེ༌བ༌རྗོགས༌ཏེ༌ཡོད༌མི༌སྡིག༌ཅན༌ང། ཡེ༌ཤུ༌ཁྱོད༌དང༌མཇལ༌ཏེ༌ ཐར༌པའི༌རེ༌བ༌ཐོབ༌ཅི། ཧིང༌ལས༌བཀའ༌དྲིན༌དགའ༌ཚོར༌ཡོད། བསྟོད༌པ༌དང༌གཏང༌རག༌ཁྱོད༌ལུ༌ཕུལ། ༤༌ རྗོགས༌ནི༌མེད༌པའི༌མི༌ཚེ༌ ཡེ༌ཤུ༌ཁྱོད༌ཀྱི༌གནང༌ཡོད། ང༌ལུ༌ལམ༌དང༌བདེན༌པ༌ཁྱོད༌གེ༌ལས༌མེད། ཧིང༌ལས༌བཀའ༌དྲིན༌དགའ༌ཚོར༌ཡོད། བསྟོད༌པ༌དང༌གཏང༌རག༌ཁྱོད༌ལུ༌ཕུལ།
༡༌ དམ༌པའི༌ཡབ༌ཆེན༌མཚན༌ལུ༌བསྟོད༌པར༌ཤོག ཉིན༌མཚན༌མེད༌པར༌ཁོ༌ལུ༌ཕྱག༌འཚལ༌ནི། འོད༌ཟེར༌ཞིང༌ཁམས༌ཀྱི༌སྦུག༌ལུ༌བཞུགས༌མི། ངེ༌གི༌ཡབ༌ཆེན༌ཁོ༌ལུ༌བསྟོད༌པ༌ཕུལ། ཡ༌ཧོ༌ཝ༌ལུ༌ གཙོ༌བོའི༌མཚན༌ན༌བསྟོད༌པ༌ཕུལ། ཡ༌ཧོ༌ཝ༌ལུ༌ ཡེ་ཤུའི་མཚན་ན་བསྟོད་པ་ཕུལ། ༢་ རིན་ཆེན་སྐྱབས་མགོན་ཡེ་ཤུ་བསྟོད་པར་ཤོག། རྒྱུན་ཆད་མེད་པར་ཁོལུ་གླུ་དབྱངས་ཕུལ། ཡབ་ཀྱི་ཕྱག་གཡས་ཁ་ཐུག་བཞུགས་མེ་ལུ། ཁྱོད་ཀྱིས་ལག་པ་བརྐྱངས་ཏེ་ བསྟོད་དབྱངས་ཕུལ། ཡ༌ཧོ༌ཝ༌ལུ༌ གཙོ༌བོའི༌མཚན༌ན༌བསྟོད༌པ༌ཕུལ། ཡ༌ཧོ༌ཝ༌ལུ༌ ཡེ་ཤུའི་མཚན་ན་བསྟོད་པ་ཕུལ། ༣་ ཡབ་སྲས་ཐུགས་ཉིད་གསུམ་ལུ་བསྟོད་པར་ཤོག སེམས་ཀྱི་རྟིང་ལས་གླུ་གར་ཁོ་ལུ་ཕུལ། བཏེན་པའི་མཆོད་པ་ཨིན་པའི་ལུས་ངག་འདི། ཡ་ཧོ་ཝ་ལུ་མཉེས་པའི་མཆོད་པ་ཕུལ། ཡ༌ཧོ༌ཝ༌ལུ༌ གཙོ༌བོའི༌མཚན༌ན༌བསྟོད༌པ༌ཕུལ། ཡ༌ཧོ༌ཝ༌ལུ༌ ཡེ་ཤུའི་མཚན་ན་བསྟོད་པ་ཕུལ།
ཡབ་ ང་ཕུག་འཚལ་ནི་ ངེ་གི་ཚེ་ཁྱོད་ལུ་ཕུལ་ནི་ ང་ཁྱོད་ལུ་དགའ། ཡེ་ཤུ་ ང་ཕུག་འཚལ་ནི་ ངེ་གི་ཚེ་ཁྱོད་ལུ་ཕུལ་ནི་ ང་ཁྱོད་ལུ་དགའ། ཐུགས་ཉིད་ ང་ཕུག་འཚལ་ནི་ ངེ་གི་ཚེ་ཁྱོད་ལུ་ཕུལ་ནི་ ང་ཁྱོད་ལུ་དགའ།
ཡར་ནམ་མཁའ་བལྟཝ་ད་ཉིམ་ཟླཝ་སྐརམ་ཚུ་མཐོང་མས་སྨོ། (༢) འདི་ཚུ་ག་ར་ དཀོན་མཆོའི་མཛད་མཛདཔ་ཨིན། (༢) མ་ཞིང་ཁར་བལྟཝ་ད་ འབྲུསྣ་ སྣ་ཚོགས་ འཚོ་ནི་འདུག། (༢) འདི་ཚུ་ག་ར་ དཀོན་མཆོའི་མཛད་མཛདཔ་ཨིན། (༢) ནགས་ཚལ་ནང་ན་ལུ་ སེམས་ཅན་མ་འདྲཝ་ལེ་ཤ་འདུག། (༢) འདི་ཚུ་ག་ར་ དཀོན་མཆོའི་མཛད་མཛདཔ་ཨིན། (༢) མེ་ཏོག་ལྡུམ་ར་ནང་ མེ་ཏོག་སྣ་ཚོགས་ཤར་ནི་འདུག། (༢) འདི་ཚུ་ག་ར་ དཀོན་མཆོའི་མཛད་མཛདཔ་ཨིན། (༢) ཤིང་འབྲས་ལྡུམ་ར་ནང་ ཤིང་འབྲས་སྣ་ཚོགས་འཚོ་ནི་འདུག། (༢) འདི་ཚུ་ག་ར་ དཀོན་མཆོའི་མཛད་མཛདཔ་ཨིན། (༢) རྒྱ་མཚོ་ནང་ན་ལུ་ ཉ་རིགས་མ་འདྲཝ་ལེ་ཤ་འདུག། (༢) འདི་ཚུ་ག་ར་ དཀོན་མཆོའི་མཛད་མཛདཔ་ཨིན། (༢) འཇིག་རྟེན་འཛམ་གླིང་ནང་ མི་རིགས་མ་འདྲཝ་ལེ་ཤ་འདུག། (༢) འདི་ཚུ་ག་ར་ དཀོན་མཆོའི་མཛད་མཛདཔ་ཨིན། (༢) གཙི་བོ་དཀོན་མཆོག་ཁྱོད་ལུ་ ང་བཅས་མི་རིགས་ག་ར་གིས། (༢) བཀའ་དྲིན་ཡང་ལས་ཡང་དུ་ཆེ་ཟེར་ཞུ་ནི་ཨིན། (༢)
ཡེ་ཤུ་ཁྱོད་ཀྱི་བྱམས་པ་ ག་དེ་ཅིག་སྦོམ་སྨོ། ངེའི༌སེམས༌ཀྱི༌མནོ༌ར༌མ༌ཚུགས། ནོད༌པ༌བསྐྱལ༌མི༌ངའི༌ཨ༌ནི༌ལགཔ༌གི༌དེ༌འབད༌ཁྲམ༌ཤིང༌གུ༌བཀལ༌ཡིག། ཚིགས༌ཉན༌པ༌སླབ༌མི༌ངའི༌འ༌ནི༌ཁ༌གི༌ག༌དེ༌འབད༌ཁྱོད༌མཚན༌ཞུ༌ཡི༌ག། ཡེ༌ཤུ༌ཁྱོད༌ཀྱི༌སྙིང༌རྗེ༌ག༌དེ༌ཅིག༌སྦོམ༌སྨོ། ངེའི༌སེམས༌ཀྱི༌མནོ༌ར༌མ༌ཚུགས། ལམ༌འཛོལ༌ཏེ༌འགྱོ༌མི༌ ངེའི༌ཨ༌ནི༌རྐངམ༌གིས༌ ག༌དེ༌སྦེ༌ཐར༌ལམ༌གུ༌ལྷོད༌ཅི༌ག། ཐར༌པ༌མ༌ཐོབ༌མི༌ ངེའི༌ཨ༌ནི༌སེམས༌ཀྱི༌ ག༌དེ༌སྦེ༌འོད༌ཟེར༌མཇལ༌ཡི༌ག།
ཡེ་ཤུ་ནཱ་གི་མཚན་ ག་ར་ལས་ མཐོ་ཤོས་ཨིན། ༢ ༡༌ ནཱ༌གི༌མཚན༌ལུ༌ཡོད༌ ཐར༌པ། ནཱ༌གི༌མཚན༌ལུ༌ཡོད༌ སྟོབས༌ཤུགས། ༢ ཡེ་ཤུ་ནཱ་གི་མཚན་ ག་ར་ལས་ མཐོ་ཤོས་ཨིན། ༢ ༢༌ ནཱ༌གི༌མཚན༌ལུ༌ཡོད༌ ཞི༌བདེ། ནཱ༌གི༌མཚན༌ལུ༌ཡོད༌ བྱམས༌པ། ༢ ཡེ་ཤུ་ནཱ་གི་མཚན་ ག་ར་ལས་ མཐོ་ཤོས་ཨིན། ༢ ༣༌ ནཱ༌གི༌མཚན༌ནང༌ཞ༌བོ༌ མཐོང༌ཚུགས། ནཱ༌གི༌མཚན༌ནང༌ ནདཔ༌དྲག༌ཚུགས། ༢ ཡེ་ཤུ་ནཱ་གི་མཚན་ ག་ར་ལས་ མཐོ་ཤོས་ཨིན། ༢ ༤༌ ནཱ༌གི༌མཚན༌ནང༌ཡོད༌ མིཚེ། ནཱ༌གི༌མཚན༌ནང༌ཡོད༌ དགའ༌སྤྲོ། ༢ ཡེ་ཤུ་ནཱ་གི་མཚན་ ག་ར་ལས་ མཐོ་ཤོས་ཨིན། ༢
༡༌ ས༌འཛམ༌གླིང༌རྒྱལ༌ཁབ༌འདི༌ནང༌ལུ། གཙོ༌བོ༌ཡེ༌ཤུ༌བྱོན༌ཏེ༌གིས། མི༌རྣམས༌ཀུན༌ལུ༌ཐར༌པ༌གནང༌ཡི། ༢ དགའ༌བ༌འདུག༌གོ༌སྐྱིད༌པ༌འདུག༌གོ༌ ང༌བཅས༌མ༌ཤི༌ཀ༌པ༌ཚུ། དགའ༌ཉམས༌སྐྱིད༌ཉམས༌སྤྲོ༌ཉམས༌འདུག༌ གཙོ༌བོ༌ཡེ༌ཤུ༌མཚན༌ནང༌ལུ། ༢ ༢༌ ང༌བཅས༌མ༌ཤི༌ཀ༌པ༌སྤུན༌ཆ༌ཚུ། ག༌ར༌འཛོམས༌ཏེ༌སེམས༌ཅིག༌སྦེ། གཙོ༌བོ༌ཡེ༌ཤུ༌བསྟོད༌པ༌ཕུལ། དགའ༌བ༌འདུག༌གོ༌སྐྱིད༌པ༌འདུག༌གོ༌ ང༌བཅས༌མ༌ཤི༌ཀ༌པ༌ཚུ། དགའ༌ཉམས༌སྐྱིད༌ཉམས༌སྤྲོ༌ཉམས༌འདུག༌ གཙོ༌བོ༌ཡེ༌ཤུ༌མཚན༌ནང༌ལུ། ༢ ༣༌ ང༌བཅས༌མ༌ཤི༌ཀ༌པ༌སྤུན༌ཆ༌ཚུ། ལུས༌ངག༌ཡིད༌གསུམ༌ཕུལ༌ཏེ༌གིས། ཡེ༌ཤུ༌མཚན༌ནང༌ཞབས༌ཏོག༌ཞུ། དགའ༌བ༌འདུག༌གོ༌སྐྱིད༌པ༌འདུག༌གོ༌ ང༌བཅས༌མ༌ཤི༌ཀ༌པ༌ཚུ། དགའ༌ཉམས༌སྐྱིད༌ཉམས༌སྤྲོ༌ཉམས༌འདུག༌ གཙོ༌བོ༌ཡེ༌ཤུ༌མཚན༌ནང༌ལུ། ༢ ༤༌ ང༌བཅས༌མ༌ཤི༌ཀ༌པ༌སྤུན༌ཆ༌ཚུ། སེམས༌ལུ༌དྲན༌པ༌བཏོན༌ཏེ༌གིས། གཙོ༌བོ༌ཡེ༌ཤུ༌ཕྱག༌ཕྱིད༌ཞུ། དགའ༌བ༌འདུག༌གོ༌སྐྱིད༌པ༌འདུག༌གོ༌ ང༌བཅས༌མ༌ཤི༌ཀ༌པ༌ཚུ། དགའ༌ཉམས༌སྐྱིད༌ཉམས༌སྤྲོ༌ཉམས༌འདུག༌ གཙོ༌བོ༌ཡེ༌ཤུ༌མཚན༌ནང༌ལུ། ༢
༡༌ ཧོ༌ཤ༌ན༌ ཧོ༌ཤ༌ན༌ ཧོ༌ཤ༌ན༌ བླ༌མེད༌དཀོན༌མཆོག༌ལུ། ༢ ངེའི༌སེམས༌ལས༌བསྟོད༌པ༌ཕུལ༌ ཡེ༌ཤུའི༌མཚན༌མཐོ༌ཤོས༌ཨིན། ངེ༌གི༌གཙོ༌བོ༌ཡཱ༌ཧོ༌ཝ༌ལུ༌ ཧོ༌ཤ༌ན༌ བླ༌མེད༌དཀོན༌མཆོག༌ལུ། ༢༌ བསྟོད༌པར༌ཤོག༌ བསྟོད༌པར༌ཤོག༌ རྒྱལ༌པོའི༌རྒྱལཔོ༌ལུ༌བསྟོད༌པར༌ཤོག། ༢ ངེའི༌སེམས༌ལས༌བསྟོད༌པ༌ཕུལ༌ ཡེ༌ཤུའི༌མཚན༌མཐོ༌ཤོས༌ཨིན། ངེ༌གི༌གཙོ༌བོ༌ཡཱ༌ཧོ༌ཝ༌ལུ༌ རྒྱལ༌པོའི༌རྒྱལཔོ༌ལུ༌བསྟོད༌པར༌ཤོག།
༡༌ ཨོ༌ཧོ༌ཧོ༌ ཧོ༌ཧོ༌ ཧོ༌ ཞིང༌ཁམས༌ ངེ༌གི༌སེམས༌ཁ༌ལུ༌ཡོད། ༢ ༢༌ ཨོ༌ཧོ༌ཧོ༌ ཧོ༌ཧོ༌ ཧོ༌ དཀོན༌མཆོག༌ ངེ༌གི༌སེམས༌ཁ༌ལུ༌ཡོད། ༢ ༣༌ ཨོ༌ཧོ༌ཧོ༌ ཧོ༌ཧོ༌ ཧོ༌ ཞི༌བདེ༌ ངེ༌གི༌སེམས༌ཁ༌ལུ༌ཡོད། ༢ ༤༌ ཨོ༌ཧོ༌ཧོ༌ ཧོ༌ཧོ༌ ཧོ༌ སྙིང༌རྗེ༌ ངེ༌གི༌སེམས༌ཁ༌ལུ༌ཡོད། ༢ ༥༌ ཨོ༌ཧོ༌ཧོ༌ ཧོ༌ཧོ༌ ཧོ༌ ཐར༌པ༌ ངེ༌གི༌སེམས༌ཁ༌ལུ༌ཡོད། ༢ ༦༌ ཨོ༌ཧོ༌ཧོ༌ ཧོ༌ཧོ༌ ཧོ༌ བྱམས༌པ༌ ངེ༌གི༌སེམས༌ཁ༌ལུ༌ཡོད། ༢ ༧༌ ཨོ༌ཧོ༌ཧོ༌ ཧོ༌ཧོ༌ ཧོ༌ རེ༌བ༌ ངེ༌གི༌སེམས༌ཁ༌ལུ༌ཡོད། ༢ ༨༌ ཨོ༌ཧོ༌ཧོ༌ ཧོ༌ཧོ༌ ཧོ༌ དགའ༌སྤྲོ༌ ངེ༌གི༌སེམས༌ཁ༌ལུ༌ཡོད། ༢
སྐྱབས༌མགོན༌གཙོ༌བོ༌ཡེ༌ཤུ༌ལ༌ གསོལ༌བ༌འདེབས། ང༌སྡིག༌ཅན༌མི༌ལུ༌ལ༌ ཐུགས༌རྗེ༌མཛད། ས༌འཇིག༌རྟེན༌འཛམ༌གླིང༌ལ༌ སྡིག༌པའི༌གང། ང༌སྡིག༌པའི༌ནང༌ལུ༌ལ༌ དཀའ༌བ༌སྤྱད། ཞིང༌ཁམས༌ལུ༌བཞུགས༌མི༌ལ༌ ཡབ༌དཀོན༌མཆོག། ཐུགས༌རྗེ༌བྱམས༌པ༌ཆེ༌བའི༌ལ༌ དཀོན༌མཆོག༌ཨིན། འཆི༌བའི༌སྡིག༌པའི༌འབྲས༌བུ༌ལ༌ ཡོད༌ནས༌རྐྱང། སྐྱབས༌མགོན༌གཤགས༌ཏེ༌ལ༌ འཆི༌བ༌ལས༌རྒྱལ། ང༌སྡིག༌ཅན༌མི༌ལུ༌ལ༌ བཤགས༌པ༌གནང། ད༌ཞིང༌ཁམས༌འགྲོ༌བའི༌ལ༌ ལམ༌ཅིག༌ཡོད།
༡༌ སྐྱིད༌གླུ༌འཐེན༌ཅིག༌ ཉི༌མ༌གསར༌པ༌ཤར༌ཡོད༌ལགས། སོའོ༌ ཡ༌ཧ༌ལ༌ ནག༌དུང༌གི༌སྦུག༌ལུ༌ཤར༌ཡོད༌ལགས༌ བྱོན༌ཤོག༌ཡེ༌ཤུ༌ཁིརཱིས། སྐྱིད༌གླུ༌འཐེན༌ཅིག༌ ནག༌དུང༌གི༌སྦུག༌ལུ༌ཤར༌ཡོད༌ལགས། སོའོ༌ ཡ༌ཧ༌ལ༌ ང༌བཅས༌ཀྱི༌དོན༌ལུ༌ཤར༌ཡོད༌ལགས༌ བྱོན༌ཤོག༌ཡེ༌ཤུ༌ཁིརཱིས། ༢་ སྐྱི༌གླུ༌འཐེན༌ཅིག༌ སྐྱབས་མགོན་ཡེ་ཤུ་བྱོན༌ཡོད༌ལགས། སོའོ༌ ཡ༌འ༌ལ༌ ཉིནམ་ཅིག་ལོག་སྟེ་བྱོན་འོང༌ལགས༌ བྱོན༌ཤོག༌ཡེ༌ཤུ༌ཁིརཱིས། སྐྱིད༌གླུ༌འཐེན༌ཅིག༌ ཉིནམ་ཅིག་ལོག་སྟེ་བྱོནམ་ད༌ལགས། སོའོ༌ ཡ༌འ༌ལ༌ འོད་ཟེར་ཤར་ཏེ་བྱོན་འོང༌ལགས༌ བྱོན༌ཤོག༌ཡེ༌ཤུ༌ཁིརཱིས། ༣་ དགའ་བའི་ཞབས་ཁྲ་ དུང་ཆེན་སྐད་སྦོམ་གོཝ་ད་ལགས། སོའོ་ ཡ་འ་ལ་ ས་སྨུག་གི་སྦུག་ལུ་མཇལ་འོང་ལགས་ བྱོན༌ཤོག༌ཡེ༌ཤུ༌ཁིརཱིས། དགའ་བའི་ཞབས་ཁྲ་ ས་སྨུག་གི་སྦུག་ལུ་མཇལ་དུས་ལགས། སོའོ་ ཡ་འ་ལ་ གཅི་གི་གཟི་བརྗིད་ཆེ་ཤོས་ལགས་ བྱོན༌ཤོག༌ཡེ༌ཤུ༌ཁིརཱིས། ༤་ དགའ་བའི་ཞབས་ཁྲ་ ང་བཅས་གྲ་འགྲིགས་རྐྱབ་དགོ་ལགས། སོའོ་ ཡ་འ་ལ་ ངེ་སེམས་གྲ་འགྲིགས་རྐྱབ་གནང་ལགས་ བྱོན༌ཤོག༌ཡེ༌ཤུ༌ཁིརཱིས། དགའ་བའི་ཞབས་ཁྲ་ ངེ་སེམས་གྲ་འགྲིགས་རྐྱབ་དོ་ལགས། སོའོ་ ཡ་འ་ལ་ ཁྱེད་ཀྱིས་ཡང་གྲ་འགྲིགས་རྐྱབ་ཅི་ག་ བྱོན༌ཤོག༌ཡེ༌ཤུ༌ཁིརཱིས། ༥་ རྔ་ཅིག་རྔུངམ་ད་ ང་བཅས་གྲ་འགྲིགས་རྐྱབ་ད་ལགས། སོའོ་ ཡ་འ་ལ་ བྱོན་མི་མཉམ་ཅིག་འགྱོཝ་ད་ལགས་ བྱོན༌ཤོག༌ཡེ༌ཤུ༌ཁིརཱིས། རྔ་ཅིག་རྔུངམ་ད་ བྱོན་མི་མཉམ་ཅིག་འགྱོ་འོང་ལགས། སོའོ་ ཡ་འ་ལ་ ཞིང་ཁམས་ཀྱི་ཡབ་ལུ་མཇལ་འོང་ལགས་ བྱོན༌ཤོག༌ཡེ༌ཤུ༌ཁིརཱིས།
ཁྱོད་ལུ་ གཙོ་བོའི་མཚན་གླིས་ ཞི་བདེ་འོང་བར་ཤོག། ཁྱོད་ལུ་ ཞི་བདེ་གི་རྒྱལ་པོའི་མཚན་གྱིས་ ཞི་བདེ་ འོང་བར་ཤོག འོང་བར་ཤོག།
༡་ གངས་རི་དང་མཁའ་བལྟ་སྟེ་ འཛ་མ་གླིང་གི་ལྡུམ་ར་ནང། མེ་ཏོག་དང་སེམས་ཅན་སྐྱེས་ནུག་ ག་ར་ག་ལས་འོངམ་སྨོ། ངེའི་བརྩེ་བའི་སྐྱབས་མགོན་ སྐྱབས་མགོན་ཡེ་ཤུ། ག་ར་ལེགས་ཞིམ་མཛད་ནུག་ སྐྱབས་མགོན་ཡེ་ཤུ། ༢་ སྐྱེས་པ་གི་སྟག་ཤར་གཞོན་མ་ ལེགས་པའི་གི་དམན་ཆུང་བུ་མོ། རྒས་ཤོས་ཤེས་རབ་དང་ལྡན་མི་ ག་ར་ག་ལས་འོངམ་སྨོ། ངེའི་བརྩེ་བའི་སྐྱབས་མགོན་ སྐྱབས་མགོན་ཡེ་ཤུ། ག་ར་ལེགས་ཞིམ་མཛད་ནུག་ སྐྱབས་མགོན་ཡེ་ཤུ། ༣་ བདེན་པ་གི་མི་ཚེ་གསར་པ་ མ་རིག་པའི་སྒྲིབ་པ་དག དམ་པའི་ཐུགས་ཉིད་ཀྱི་ཁྲུས་གསོལ་ ཐར་པ་ག་ལས་འོངམ་སྨོ། ངེའི་བརྩེ་བའི་སྐྱབས་མགོན་ སྐྱབས་མགོན་ཡེ་ཤུ། ངེ་གི་དོན་ལུ་བྱོན་ཡི་ སྐྱབས་མགོན་ཡེ་ཤུ།
༡༌ ང༌ལུ༌སྙིད༌ལས༌དགའ༌བའི༌ དྲིན༌ཅན༌སྐྱབས༌མགོན༌ཡེ༌ཤུ། རེ༌བ༌ཁོ༌ལུ༌བསྐྱེད༌དེ༌ རེ༌བའི༌འབྲས༌བུ༌ཐོབ༌སོང། ཁོ༌ལུ༌མོས༌གུས༌སྐྱེད༌དེ༌ སྡིག༌ཅན༌མི༌རིགས༌ག༌ར། ཕ༌མི༌བརྒྱུད༌ལས༌བསག༌པའི༌ ལུས༌ངག༌སྡིག༌སྒྲིབ༌སེལ༌འོང། འཛམ༌གླིང༌མི༌རིགས༌འགྲོ༌བ། སྡིག༌པའི༌གཡུལ༌ལས༌རྒྱལ༌ཏེ། རང༌བཞིན༌རྙིང༌པའི༌སྡིག༌པ༌སྤངས༌ཏེ༌ གཙོ༌བོའི༌ཞིང༌ལུ༌འགྱོ༌ཚུགས། ༢ ༢༌ ཡེ༌ཤུ༌ལུ༌འགྱོད༌བཤགས༌ཞུ༌ན༌ ཁོ༌གིས༌མ༌བཞེསཔ༌མི༌འདུག། ཡིད༌དུ༌འོང༌བའི༌ཞིང༌ལ༌ འགྱོ༌ན༌མ༌ལྷོདཔ༌མི༌འདུག དགའ༌དགའ༌སྤྲོ༌སྤྲོ༌འབད༌དང༌ ཐར༌པའི༌ལམ༌ལུ༌འགྱོ༌ཚུགས། ཚེ༌ད༌རེས༌སེམས༌ལུ༌སྤྲོ༌བ༌ ཕྱི༌མ༌ཡབ༌ཀྱི༌སྐུ༌མདུན། དགའ༌དགའ༌སྤྲོ༌སྤྲོ༌ངང༌ནས༌ ཡབ༌ཆེན༌དཀོན༌མཆོག༌མཇལ༌འོང། ཡེ༌ཤུ༌ལུ༌དད༌པ༌སྐྱེད༌དེ༌ སྐྱེས༌བ༌གསར༌པ༌ཐོབ༌འོང།
༡༌ ང༌བཅས༌སྡིག༌པ༌མ༌འབད༌ཟེར༌ན། རང༌མགུ༌རང༌གིས༌སྐོརཝ༌ཨིན༌ རང༌མགུ༌རང༌གིས༌སྐོརཝ༌ཨིན། ང༌བཅས༌སྡིག༌པ༌འབད༌ཟེར༌ན། སྡིག༌བཤགས༌ཡེ༌ཤུ༌གིས༌གནང༌འོང༌ སྡིག༌བཤགས༌ཡེ༌ཤུ༌གིས༌གནང༌འོང། ༢༌ ང༌བཅས༌སྡིག༌པ༌མེད༌ཟེར༌ན། ང༌བཅས༌ནང༌ན༌བདེན༌པ༌མེད༌ ང༌བཅས༌ནང༌ན༌བདེན༌པ༌མེད། ང༌བཅས༌སྡིག༌ཅན༌ཨིན༌ཟེར༌ན། གཙོ༌བོ༌ཡེ༌ཤུ༌གིས༌ཐར༌པ༌གནང༌འོང༌ གཙོ༌བོ༌ཡེ༌ཤུ༌གིས༌ཐར༌པ༌གནང༌འོང།
༡༌ སྙིང༌རྗེ༌དང༌བྱམས༌པ༌ཅན༌གྱི༌སྐྱབས༌མགོན། ང༌ཁྱོད༌ཀྱི༌ཤུལ༌ལས༌འོང༌ནི༌ཨིན༌ ག༌ར༌སྤངས༌ཏེ༌འོང༌ནི༌ཨིན། ཁྱོད༌ཀྱིས༌ང༌ལུ༌ཁྲུས༌གསོལ༌གནང༌བར༌མཛོད། ༢༌ ངེ༌གི༌མི༌ཚེ༌ནང༌ག༌ཡོདཔ༌ཁྱོད༌ལུ༌ཕུལ༌ དེ༌ལས༌ངེ༌གི༌ལུས༌ངག༌ཡིད༌གསུམ༌འདི། སྐྱབས༌མགོན༌ཁྱོད༌ཀྱིས༌བཞེས༌ཏེ༌གནང༌ ཁྱོད༌ཀྱི༌ཐར༌ལམ༌ང༌ལུ༌གནང༌བར༌ཞུ། ཀྱེ༌༌༌༌སྐྱབས༌མགོན༌ ཡེ༌ཤུ༌ཁྱོད༌ཀྱིས། ཀྱེ༌༌༌བྱིན༌རླབས༌ང༌ལུ༌གནང༌བར༌མཛོད། ཁྱོད༌འདི༌ཐམས༌ཅད༌མཁྱེན༌མི༌བདགཔོ། སྡུག༌བསྔལ༌ཚུ༌ལས༌སྐྱབས༌མཛད༌ ཚུགས༌མི༌ སྐྱབས༌མགོན༌ཨིན། ༢
༡༌ སྡིག༌པ༌ལས༌ཐར༌བའི༌ལམ༌གཅིག༌ཡོད། ལམ༌འདི༌ནི༌ཡེ༌ཤུ༌ཨིན༌ ལམ༌འདི༌ནི༌ཡེ༌ཤུ༌ཨིན། དདཔ༌སྐྱེད༌དེ༌ཁོ༌བཞུགས༌སར༌འགྱོ༌ན། སྡིགཔ་ཚུ་ཁོ་གིས་སེལ་གནང་འོང་ སྡིགཔ་ཚུ་ཁོ་གིས་སེལ་གནང་འོང། ང་ཧིང་ལས་དད་པ་སྐྱེད་ནི། ངེའི་དོན་ལུ་ཡེ་ཤུ་གཤགས་ཅི་ ངེའི་དོན་ལུ་ཡེ་ཤུ་གཤགས་ཅི། ཁོ་གི་སྐུ་ཁྲག་ རིན་ཆེན་གྱིས། ང་སྡིག་པ་ལས་ཐར་ཡི་ ང་སྡིག་པ་ལས་ཐར་ཡི། ༢་ ལམ་གཅིག་ལས་སེམས་གསརཔ་ཐོབ་འོང། ལམ་འདི་ནི་ཡེ་ཤུ་ཨིན་ ལམ་འདི་ནི་ཡེ་ཤུ་ཨིན། ངེ་སེམས་སྡིགཔ་གིས་གནགཔོ་ཡོད་རུང་ཡང། ཁོ་གིས་དཀརཔོ་མཛད་འོང་ ཁོ་གིས་དཀརཔོ་མཛད་འོང། ༣་ ཤི་སར་ལས་ཐར་བའི་ལམ་གཅིག་ཡོད། ལམ་འདི་ནི་ཡེ་ཤུ་ཨིན་ ལམ་འདི་ནི་ཡེ་ཤུ་ཨིན། ཁོ་གི་མཚན་ལུ་དད་པ་སྐྱེད་མི་ཚུ། མཐའ་མེད་པའི་ཚེ་ཐོབ་འོང་ མཐའ་མེད་པའི་ཚེ་ཐོབ་འོང། ༤་ ལམ་གཅིག་ལས་ཞིང་ཁམས་ལུ་ལྷོད་འོང། ལམ་འདི་ནི་ཡེ་ཤུ་ཨིན་ ལམ་འདི་ནི་ཡེ་ཤུ་ཨིན། སྙིང་ལས་ཁོལུ་དད་པ་སྐྱེད་མི་ཚུ། ཡར་ཞིང་ཁམས་ལུ་འཁྱིད་འོང་ ཡར་ཞིང་ཁམས་ལུ་འཁྱིད་འོ།
༡་ མ་འོང་པའི་ན་གཞོན་ཆ་རོགས་ འདོད་ཁམས་ཀྱི་འཇིག་རྟེན་ཡུལ་ལུ། མི་རྟག་པས་རྒྱུ་ནོར་མ་ཆགས་ ལུས་སེམས་འདི་དགྲ་བོ་འི་བསྣེམ་འོང། ༢་ དུས་སྐབས་ཀྱི་ཆ་རོགས་སྤུན་ཆ་ ཞི་བདེ་གི་གཏམ་བཟང་བཤད་དོ། གདོན་འདྲེ་གི་ལས་སྣ་ཚོགས་ལུ་ ཁྲམ་ཤིང་གི་ཤུགས་ཀྱིས་ཐོབ་ཡོད། ཨ་ཧ་ ཨ་ཧ་ གཙོ་བོ་ཡེ་ཤུ་ཁོ་རང། ཨ་ཧ་ ཨ་ཧ་ གདོན་འདྲེ་གི་དབང་ལས་རྒྱལ་ཡོད། ༣་ འཛམ་བུ་གླིང་ཡོངས་ཀྱི་རྒྱལ་པོ་ མི་རིགས་ཀུན་གྱི་སྐྱབས་མགོན། མཐའ་མེད་ཐར་པའི་ལམ་བསྟོན་ དྲིན་ཅན་ཡེ་ཤུ་ཨིན་ནོ། ཨ་ཧ་ ཨ་ཧ་ སྐྱབས་མགོན་བཀའ་དྲིན་ཡེ་ཤུ། ཨ་ཧ་ ཨ་ཧ་ དུས་རྒྱུན་གསོནམ་སྦེ་བཞུགས་ཡོད།
༡༌ ཡབ༌ཆེན༌དཀོན༌མཆོག༌གི༌བྱམས༌པ༌ མི༌རིགས༌ཀུན༌ལུ༌གནང༌ཡོད། ཁོ༌གི༌སྲས༌གཅིག༌ཡེ༌ཤུ༌ སྡིག༌ཅན༌ཀུན༌ལུ༌གནང༌ཡོད། ལ༌ལ༌ལ༌ལ༌ལ༌ལ༌ལ༌ལ༌ལ༌ ལ༌ལ༌ལ༌ལ༌ལ༌ལ༌ལ༌ལ༌ལ། ཁོ༌གི༌སྲས༌གཅིག༌ཡེ༌ཤུ༌ སྡིག༌ཅན༌ཀུན༌ལུ༌གནང༌ཡོད། ༢༌ སྡིག༌ཅན༌ཐར༌བའི༌དོན༌ལུ༌ སྐྱབས༌མགོན༌ཡེ༌ཤུ༌འཁྲུངས༌ཡོད། སྐྱབས༌མགོན༌ཡེ༌ཤུ༌གི༌ཐར༌པ༌ སྡིག༌ཅན༌ཀུན༌ལུ༌གནང༌ཡོད། ལ༌ལ༌ལ༌ལ༌ལ༌ལ༌ལ༌ལ༌ལ༌ ལ༌ལ༌ལ༌ལ༌ལ༌ལ༌ལ༌ལ༌ལ། སྐྱབས༌མགོན༌ཡེ༌ཤུ༌གི༌ཐར༌པ༌ སྡིག༌ཅན༌ཀུན༌ལུ༌གནང༌ཡོད། ༣༌ སྡིག༌ཅན༌ཤི༌བའི༌ཚབ༌ལུ༌ སྐྱབས༌མགོན༌ཡེ༌ཤུ༌གཤགས༌ཡོད། སྐྱབས༌མགོན༌ཡེ༌ཤུ༌གི༌ཞི༌བདེ༌ སྡིག༌ཅན༌ཀུན༌ལུ༌གནང༌འོང། ལ༌ལ༌ལ༌ལ༌ལ༌ལ༌ལ༌ལ༌ལ༌ ལ༌ལ༌ལ༌ལ༌ལ༌ལ༌ལ༌ལ༌ལ། སྐྱབས༌མགོན༌ཡེ༌ཤུ༌གི༌ཞི༌བདེ༌ སྡིག༌ཅན༌ཀུན༌ལུ༌གནང༌འོང།
༡༌ ཤུགས༌དང༌གཟི༌བརྗིད༌ལྡན༌པའི༌ འཇིག༌རྟེན༌ཁམས༌འདི༌མཛད༌མི། ༢ གཙོ༌བོ༌ཡ༌ཧོ༌ཝ༌ཨིན༌ འོད༌ཟེར༌ང༌བཅས༌ལུ༌ཤར༌ཡི༌ ༢ ཡ༌ཧོ༌ཝ༌གི༌མི༌རིགས༌ ག༌ར༌བདེ༌བ༌བཀལ༌ནུག། ༢ ༢༌ བྱམས༌དང༌སྙིང༌རྗེ༌ཆེ༌བའི༌ དྲིན༌ཅན༌སྐྱབས༌མགོན༌ཡེ༌ཤུ། ༢ རང༌སྲོག༌རིན༌སྦེ༌སྤྲོད༌དེ༌ སྡིག༌སྒྲིབ༌ག༌ར༌དག༌ཡོད། སྐྱབས༌མགོན༌ཡེ༌ཤུ༌གི༌མི༌རིགས༌ ཐར༌པའི༌ལམ༌ལུ༌བཀལ༌ནུག། ༢
༡༌ སེམས༌ལུ༌ཞི༌བདེ༌མེད༌ན༌ ཞི༌བདེ༌ཡེ༌ཤུ༌གིས༌གནང༌འོང། སེམས༌ལུ༌དགའ༌སྤྲོ༌མེད༌ན༌ དགའ༌སྤྲོ༌ཡེ༌ཤུ༌གིས༌གནང༌འོང། ༢ ༢༌ སེམས༌ལུ༌ཐར༌པ༌མེད༌ན༌ ཐར༌པ༌ཡེ༌ཤུ༌གིས༌གནང༌འོང། སེམས༌ལུ༌རེ༌བ༌མེད༌ན༌ རེ༌བ༌ཡེ༌ཤུ༌གིས༌གནང༌འོང། ༢ ༣་ སེམས་ལུ་བྱམས་པ་མེད་ན་ བྱམས་པ་ཡེ་ཤུ་གིས་གནང་འོང། སེམས་ལུ་སྙིང་རྗེ་མེད་ན་ སྙིང་རྗེ་ཡེ་ཤུ་གིས་གནང་འོང། ༢ ༤་ སྨོན་ལམ་ཡེ་ཤུ་ལུ་ཞུ་ན་ སྨོན་ལམ་ཡེ་ཤུ་གིས་གསན་འོང་། བྱིན་རླབས་ཡེ་ཤུ་ལུ་ཞུ་ན་ བྱིན་རླབས་ཡེ་ཤུ་གིས་གནང་འོང། ༢
༡་ སོའོ་ ང་བཅས་ག་རའི་ངན་པ་ སོའོ་ དགེ་བའི་ལཱ་གི་མི་དག ང་བཅས་ག་རའི་ངན་པ་ ཡེ་ཤུའི་སྐུ་ཁྲག་གི་དག་འོང། སོའོ་ ཡ་འ་ལ་ ཡེ་ཤུའི་སྐུ་ཁྲག་གི་དག་འོང། ༢་ སོའོ་ ང་བཅས་ག་རའི་ཉེས་པ་ སོའོ་ གནས་བསྐོར་རྐྱབ་སྟེ་མི་དག ང་བཅས་ག་རའི་ཉེས་པ་ ཡེ་ཤུའི་སྐུ་ཁྲག་གི་དག་འོང། སོའོ་ ཡ་འ་ལ་ ཡེ་ཤུའི་སྐུ་ཁྲག་གི་དག་འོང། ༣་ སོའོ་ ང་བཅས་ག་རའི་སྡིག་པ་ སོའོ་ སྦྱིན་པ་གཏང་སྟེ་མི་དག ང་བཅས་ག་རའི་སྡིག་པ་ ཡེ་ཤུའི་སྐུ་ཁྲག་གི་དག་འོང། སོའོ་ ཡ་འ་ལ་ ཡེ་ཤུའི་སྐུ་ཁྲག་གི་དག་འོང།
༡་ དཀོན་མཆོག་གི་འཛམ་གླིང་ལུ་ བྱམས་མཛད་དེ། ཁོ་གི་སྲས་གཅེས་གཅེས་གཅིག་ གནང་ཡི་གནང་ཡི། ཏེ་ ག་ར་འབད་རུང་ ཁོ་ལུ་དདཔ་སྐྱེད་པ་ཅིན། ཁྱོད་མེདཔ་མ་ཐལ་བ་ མཐའ་མེད་པའི་ཚེ་ ཐོབ། ༢་ དཀོན་མཆོག་གི་འཛམ་གླིང་ལུ་ བྱམས་མཛད་དེ། ཁོ་གི་སྲས་འཛམ་གླིང་ན་ གཏང་ཡི་གཏང་ཡི། ཏེ་ ག་ར་འབད་རུང་ ཡེ་ཤུ་ངོ་ཤེས་པ་ཅིན། ཁོ་གི་བྱམས་སྦོམ་འདི་ ཁྱེད་ག་ར་ལུ་ གནང་འོང། ༣་ དཀོན་མཆོག་གི་འཛམ་གླིང་ལུ་ བྱམས་མཛད་དེ། འཛམ་གླིང་འདི་གི་སྡིགཔ་སེལ་བ་ བྱོན་ཡི་བྱོན་ཡི། ཏེ་ ག་ར་འབད་རུང་ ཁོ་ལུ་གསོལ་བ་བཏབ་པ་ཅིན། སྡིག་པའི་ཁུར་ཆ་ནང་ལས་ ཡེ་ཤུ་གིས་བཏོན་ གནང་འོང།
༡་ ( དཀོན་མཆོག་ཡ་དཀོན་མཆོག་ངེ་གི་སྐྱབས་མགོན། ཞིང་ཁམས་ལུ་བཞུགས་མི་དཀོན་མཆོག། ཁྱོད་འདི་སྙིང་རྗེ་དང་བྱམས་ལུ་དགའ་མི། འཛམ་གླིང་འདི་ཁྱོད་ཀྱིས་མཛད་ཅི། ) ༢ ( ང་བཅས་སྡིག་ཅན་ཚུ་གི་དོན་ལུ། སྐུ་སྲོག་འཕང་པ་མེད་པར་གནང་ཡི། ང་བཅས་ཀྱི་སྡིག་པ་ཁོ་གིས་སེལ་ཡི། ཨའེ་སྨོ་ང་འདི་བཟུམ་གྱི་སྐྱིདཔ། ) ༢ ༢་ ( གྲོགས་པོ་ཡ་གྲོགས་མོ་ངེ་གི་སྤུན་ཆ། དཀོན་མཆོག་ལུ་སྨོན་ལམ་ཞུ་ད། ཁོ་གིས་ཐར་པའི་ལམ་འདི་ཐོབ་འོང། ངེའི་སེམས་འདི་བཟུམ་གྱི་དགའ་བ། ) ༢ ( ཁོ་གི་སྐུ་ཁྲག་རིན་ཆེན་དེ་གིས། ང་བཅས་ཀྱི་སྡིག་པ་སེལ་ཡི། མཐའ་མེད་པའི་ཚེ་དེ་ཁྱོད་ཀྱི་ཐོབ་འོང། ཨའེ་སྨོ་ང་འདི་བཟུམ་གྱི་སྐྱིདཔ། ) ༢
བསྐྱེད་མས། (༢) དད་པ་བབསྐྱེད་མས། གཙོ་བོ་ཡེ་ཤུ་མཚན་ལུ་དད་པ་བསྐྱེད། (༢) ང་དང་ཁྱོད་ཀྱི་དོན་ལུ་སྨོ། གཙོ་བོ་ཡེ་ཤུ་འཛམ་གླིང་ལུ་བྱོན་ཏེ་གིས། དཀའཝ་སྦོམ་སྦེ་སྤྱད་དེ་ང་བཅས་ལུ། བྱམས་སེམས་བསྐྱེད་དེ་ཐར་པ་གནང་ཡི། བསྐྱེད་མས། (༢) དད་པ་བབསྐྱེད་མས། དྲན་མས། (༢) སེམས་ཁར་ དྲན་མས། ཀཱལ་བཱ་རི་གངས་རི་སེམས་ཁར་དྲན། (༢) ང་བཅས་ཀྱི་སྡིག་པའི་དོན་ལུ་སྨོ། གཙོ་བོ་ཡེ་ཤུ་ཁྲམ་ཤིང་གུ་གཤགས་ཡི་གོ། ཁྲམ་ཤིང་གུ་ལས་སྐུ་ཁྲག་འཛག་སྟེ་གིས། ང་བཅས་ལུ་བཤགས་པ་གནང་ཡི་སྨོ། དྲན་མས། (༢) སེམས་ཁར་ དྲན་མས། ཤོག་ས། (༢) ག་ར་ཤོག་ས། གཙོ་བོ་ཡེ་ཤུ་སྐུ་མདུན་འགྱོ་གེ་སྨོ། (༢) འཛམ་གླིང་འདི་ནང་ང་བཅས་ག་ར། ཉོནམ་གཅིག་དང་གཉིས་ཀྱི་མགྱོནམ་བཟུམ་ཅིག་ཨིན་སྨོ། འཛམ་གླིང་ནང་འོངམ་ད་སྒྱེན་མོ་སྦེ་འོང་ཡི། ལོག་འགྱོ་རུང་དེ་སྦེ་རང་འགྱོ་དགོ་སྨོ། ཤོག་ས། (༢) ག་ར་ཤོག། (༢) བཏབ་གེ། (༢) གསོལཝ་ བཏབ་གེ། དམ་པའི་ཐུགས་ཉིད་ལུ་གསོལཝ་བཏབ་གེ་སྨོ། འཛམ་གླིང་གི་མཇུག་མཐའ་མ་ཚུན་ཚོད། ཆ་རོགས་དམ་པའི་ཐུགས་ཉིད་ཨིན། ང་བཅས་ལུ་ཐུགས་ཉིད་མེད་པ་ཅིན། དཀོན་མཆོག་གི་སྲས་དང་སྲསམོ་ང་བཅས་མེན། གསུང་རབ་ནང་དེ་སྦེ་གསུངས་ཏེ་ཡོད། (༢) ཚེ་ལུ་ཏན་ཏན་གང་ཡང་མེད། སེམས་ཁར་ཡེ་ཤུ་དྲན་ཏེ་སྡོད། གནམ་ཕྱི་རུ་འོངན་ན། གནམ་དྲོ་པ་འོངན་ན། ཨརཝ་བཟུམ་སྦེ་འོངན་ན། ག་གིས་ཡང་མི་ཤེས། རང་གི་སེམས་དེ་མ་ཡེངས་པར། སྨོན་ལམ་བཏབ་སྟེ་སྡོད་དགོ་ཟེར། གསུང་རབ་ནང་དེ་སྦེ་གསུངས་ཏེ་ཡོད། (༢)
༡་ ཁྱོད་སྡིག་པའི་ནང་ལས་ཐར་དགོ་མནོཝ་མས་ག། སྐྱ་ཁྲག་ལུ་དབང་ཡོད་ ཁྲག་ལུ་ཤུགས་ཡོད། ཁྱོད་ངན་པ་ནང་ལས་རྒྱལ་དགོ་མནོཝ་མས་ག། སྐུ་ཁྲག་ནང་ཡ་མཚན་གྱི་དབང་ཡོད། དབང་ཡོད་ དབང་ དབང་ ཡ་མཚན་ཅན་གྱི་དབང། ཡེ་ཤུའི་སྐུ་ཁྲག་ནང་ན་ དབང་ཡོད་ དབང་ དབང། ཡ་མཚན་ཅན་གྱི་དབང་ ཡེ་ཤུའི་སྐུ་ཁྲག་རིན་ཆེན་དེ་ནང་ཡོད། ༢་ འདོད་ཆགས་དང་ང་རྒྱལ་ལས་ཐར་དགོ་མནོཝ་མས་ག། སྐུ་ཁྲག་ལུ་དབང་ཡོད་ ཁྲག་ལུ་ཤུགས་ཡོད། སེམས་འཁྱུ་ནིའི་དོན་ལུ་ སྐུ་ཁྲག་འབད་རྩར་ཤོག སྐུ་ཁྲག་ལུ་ཡ་མཚན་གྱི་དབང་ཡོད། ༣་ ཁྱོད་ཁཝ་ལས་ཡང་དཀརཔོ་ལུ་འགྱུར་དགོ་མནོཝ་མས་ག། སྐུ་ཁྲག་ལུ་དབང་ཡོད་ ཁྲག་ལུ་ཤུགས་ཡོད། ཡེ་ཤུའི་སྐུ་ཁྲག་གི་སྡིག་སྒྲིབ་དག་འོང། སྐུ་ཁྲག་ལུ་ཡ་མཚན་གྱི་དབང་ཡོད།
༡་ ང་བཅས་ཀྱི་སྐྱབས་མགོན་ཡེ་ཤུ་ཨིན་ འཛམ་བུ་གླིང་གི་དྲིན་ཅན་ཨིན། ཁོ་ལུ་དད་པ་སྐྱེད་པ་ཅིན་ ཁོ་གིས་མི་ཚེ་གསརཔ་མཛད་འོང། ང་བཅས་ཁོ་ལུ་དད་པ་སྐྱེད་ ཁོ་ལུ་ང་བཅས་སྨོན་ལམ་ཞུ། ང་བཅས་ཁོ་གིས་བྱིན་རླབས་གནང་ ང་བཅས་མི་ཚེ་སྐྱེདཔ་འོངམ་ཨིན། ཀྱེ་ དཀོན་མཆོག་ དཀོན་མཆོག་ དཀོན་མཆོག་གི་སྲས། སྐྱབས་མགོན་ སྐྱབས་མགོན་ཡེ་ཤུ་ཨིན། ང་བཅས་ག་ར་གི་སྐྱབས་མགོན་ཡེ་ཤུ་ཨིན། (༢) ༢་ ཁྱོད་ཀྱི་སྐུ་ལུས་རིན་ཆེན་འདི་ འཛམ་བུ་གླིང་གི་བུ་ལོན་དང། ག་ར་སྡུག་བསྔལ་ལས་སྐྱབས་པའི་དོན་ རང་སྲོག་ང་བཅས་ཀྱི་དོན་ལུ་གནང། འཛམ་བུ་གླིང་གི་དཀོན་མཆོག་ཨིན་ འཛམ་བུ་གླིང་གི་སྐྱབས་མགོན་ཨིན། ཁོ་ལུ་ག་ར་གིས་བསྟོད་རག་ཕུལ་ ག་ར་ཁྱེད་ཀྱི་སེམས་ལུ་བཟུང། ཀྱེ་ དཀོན་མཆོག་ དཀོན་མཆོག་ དཀོན་མཆོག་གི་སྲས། སྐྱབས་མགོན་ སྐྱབས་མགོན་ཡེ་ཤུ་ཨིན། ང་བཅས་ག་ར་གི་སྐྱབས་མགོན་ཡེ་ཤུ་ཨིན། (༢)
༡་ ང་བཅས་ཀྱི་ཡབ་ཆེན་དཀོན་མཆོག་ ང་ལུ་བྱམས་པ་མཛད་ཡི། ཁོ་གི་སྲས་གཅིགཔ་ཡེ་ཤུ་ འཇིག་རྟེན་ནང་ལུ་གནང་ཡི། འདི་བཟུམ་བྱམས་པ་ ང་ལུ་གནང་ཡི། འདི་བཟུམ་བྱམས་པ་ ཁྱོད་ལུ་གནང་ཡི། ང་ལུ་གནང་ཡོད་ ཁྱོད་ལུ་གནང་ཡི། (༢) ༢་ ང་བཅས་སྐྱབས་མགོན་ཡེ་ཤུ་ ང་ལུ་འཚོལ་བ་བྱོན་ཡི། ང་རང་རྐྱངམ་ཅིག་མེན་པ་ ཁྱོད་ཡང་འཚོལ་བ་བྱོན་ཡི། འདི་བཟུམ་བྱམས་པ་ ང་ལུ་གནང་ཡི། འདི་བཟུམ་བྱམས་པ་ ཁྱོད་ལུ་གནང་ཡི། ང་ལུ་གནང་ཡོད་ ཁྱོད་ལུ་གནང་ཡི། ༣་ ཁོ་གིས་རང་གི་སྐུ་སྲོག་ ངེ་གི་དོན་ལུ་གནང་ཡི། ང་རང་རྐྱངམ་ཅིག་མེན་པ་ ག་ར་གིདོན་ལུ་གནང་ཡི། འདི་བཟུམ་བྱམས་པ་ ང་ལུ་གནང་ཡི། འདི་བཟུམ་བྱམས་པ་ ཁྱོད་ལུ་གནང་ཡི། ང་ལུ་གནང་ཡོད་ ཁྱོད་ལུ་གནང་ཡི། ༤་ ང་གིས་དད་པ་སྐྱེད་ན་ ང་ལུ་ཐར་པ་གནང་འོང། ཁྱོད་ཀྱིས་དད་པ་སྐྱེད་ན་ ཁྱོད་ལུ་ཐར་པ་གནང་འོང། དད་པ་སྐྱེད་ན་ ཐར་པ་གནང་འོང། དད་པ་སྐྱེད་ན་ ཐར་པ་གནང་འོང། དད་པ་སྐྱེད་ན་ ཐར་པ་གནང་འོང།
ང་བཅས་འབྲུག་པའི་ཨ་ཅོ་ཨ་ཞེམོ་ཚུ། དཀོན་མཆོག་གིས་གསུངས་མི་གསུང་རབ་ལུ་ཉན་མས། འཛམ་གླིང་བསྐལ་པ་ནུབ་པའི་དུས་འོང་དོ། དཀོན་མཆོག་གི་རྒྱལ་སྲིད་ཧེ་མ་འཚོལ་གེ་དབའེ། (༢) མཐའ་མེད་ཚེ་གི་ལམ་ལུ་ཤོག་ས་དབའེ། དཀོན་མཆོག་གི་རྒྱལ་ཁབ་འཚོལ་བར་ཤོག། དཀོན་མཆོག་གི་བྱིན་རླབས་ཐོབ་ནི་ཨིན། (༢) མི་རྣམས་ཀུན་གྱི་གདོང་ཁར་ངོ་མ་ཚ། མི་རྣམས་ཀུན་ལུ་བལྟ་སྟེ་འདྲོག་ནི་མི་འོང། ང་བཅས་ཅིག་ཁར་དམ་པའི་ཐུགས་ཉིད་ཡོད། དཀོན་མཆོག་གི་རྒྱལ་སྲིད་སྐོར་ལས་སླབ། (༢) མཐའ་མེད་་་། (༢) སྨྱོག་རྗས་ཆང་དང་ཏམ་ཁུ་སྤངས་ཏེ་གིས། སེམས་ངན་འདོད་ཆགས་ཞེ་སྡང་སྤངས། དཀོན་མཆོག་གི་རྒྱལ་སྲིད་ནང་ལུ་འོང་སྟེ་གིས། ལུས་ངག་ཡིད་གསུམ་དཀོན་མཆོག་ལུ་ཕུལ། (༢) མཐའ་མེད་་་། (༢)
༡་ ཉིནམ་གཅིག་མི་གཅིག་འགྱོ་སྟོ་ ཡ་འ་ལ་སོ་ ཞིང་ཁར་ནོར་བུ་མཐོང་ཅི་ ཡ་འ་ལ་སོ། ག་ར་བཙོང་ནི་ཨིན་མས་ ཞིང་ཉོ་ནོར་བུ་ཐོབ་འོང། (༢) ༢་ མཛེས་པའི་འཛམ་བུ་གླིང་ལ་ ཡ་འ་ལསོ་ ནོར་བུ་མི་འདུག་མ་གསུངས་ ཡ་འ་ལསོ། སྐྱབས་མགོན་གཙོ་བོ་ཡེ་ཤུ་ ནོར་བུ་མེན་ན་ག་ཅི་སྨོ། (༢) ༣་ ནོར་བུའི་ལོ་རྒྱུས་གོ་ན་ ཡ་འ་ལསོ་ དྲན་པ་བཏོན་ཏེ་ཉན་ད་ ཡ་འ་ལསོ། འཛམ་གླིང་ཡོངས་སུ་རྫོགས་རུང་ ནོར་བུ་འདི་ནང་སྡོད་འོང། (༢) ༤་ ཁྱོད་ཀྱི་ཐུགས་བསམ་ནང་ལུ་ ཡ་འ་ལ་སོ་ ནོར་བུ་འདི་ན་ལུ་བཞུགས་ན་ ཡ་འ་ལ་སོ། འཛམ་གླིང་ཡོངས་སུ་རྫོགས་རུང་ ནོར་བུ་ཁྱོད་ནང་བཞུགས་འོང། (༢)
༡་ ཐར་པའི་ཉི་མ་ཤར་ཡོད་ དགའ་བ་ལ་ ད་རེས་སེམས་པ་དགའ་ཡི་ སྐྱིད་པ་ལ། དགའ་བ་ལ་ སྐྱིད་པ་ལ། (༢) ༢་ སྐྱབས་མགོན་སྡིག་པ་མེད་པར་ དགའ་བ་ལ། ང་བཅས་ཚབ་ལུ་གཤགས་ཅི་ སྐྱིད་པ་ལ། དགའ་བ་ལ་ སྐྱིད་པ་ལ། (༢) ༣་ ཁྲམ་ཤིང་གུ་ལུ་གཤགས་ཡོད་ དགའ་བ་ལ། སྡིག་པ་ག་ར་དག་སོང་ སྐྱིད་པ་ལ། དགའ་བ་ལ་ སྐྱིད་པ་ལ། (༢) ༤་ གཙོ་བོ་ཡེ་ཤུ་གཤགས་སོང་ དགའ་བ་ལ། ཞག་གསུམ་ཤུལ་ལས་བཞེངས་ཡོད་ སྐྱིད་པ་ལ། དགའ་བ་ལ་ སྐྱིད་པ་ལ། (༢) ༥་ ཡེ་ཤུའི་སྐུ་ཁྲག་རིན་ཆེན་ དགའ་བ་ལ་ ང་བཅས་ཉོས་རིན་སྤྲོད་ཡོད་ སྐྱིད་པ་ལ། དགའ་བ་ལ་ སྐྱིད་པ་ལ། (༢) ༦་ ཤི་བའི་དབང་ལས་རྒྱལ་ཡོད་ དགའ་བ་ལ། བདུད་ཀྱི་དབང་ལས་རྒྱལ་ཡོད་ སྐྱིད་པ་ལ། དགའ་བ་ལ་ སྐྱིད་པ་ལ། (༢) ༧་ སྐྱབས་མགོན་གཙོ་བོ་ཡེ་ཤུ་ དགའ་བ་ལ། དུས་རྒྱུན་གསོན་པོ་བཞུགས་ཡོད་ སྐྱིད་པ་ལ། དགའ་བ་ལ་ སྐྱིད་པ་ལ། (༢)
༡་ དང་པ་འཇིག་རྟེན་ནང་ལུ་འོང་བའི་དུས་ ལ་ནི་སེམས་ནང་ལུ་སྡུག་བསྔལ་གང་ཡོད། གཉིས་པ་སྐྱབས་མགོན་ཡེ་ཤུ་མཇལ་སྟེ་ ལ་ནི་སེམས་ནང་གི་སྡུག་བསྔལ་སེལ་ཡོད། (༢) གཙོ་བོ་ལུ་དད་པ་སྐྱེད་དེ་ ལ་ནི་ཐར་པ་ང་ལུ་གནང་ཡི། བླ་ན་མེད་པའི་དཀོན་མཆོག་ཁྱོད་ཀྱིས་ ལ་ནི་ལམ་བཟང་ང་ལུ་སྟོན་ཡི། (༢) ༢་ བྱ་འདི་ཁྲུང་ཁྲུང་དཀར་པོ་ ལ་ནི་ཤོག་ཐིག་ང་ལུ་གཡར་ད། ཤོག་ཐིག་དབྱབས་ཅི་དབྱབས་ཅི་ ལ་ནི་གཏམ་བཟང་བཤད་པར་འགྱོ་ནི། (༢) གཙོ་བོ་ལུ་དད་པ་སྐྱེད་དེ་ ལ་ནི་ཐར་པ་ང་ལུ་གནང་ཡི། བླ་ན་མེད་པའི་དཀོན་མཆོག་ཁྱོད་ཀྱིས་ ལ་ནི་ལམ་བཟང་ང་ལུ་སྟོན་ཡི། (༢)
བདེ་བ་ཅན་ལུ་ལྷོད་ནིའི་ལམ་གཅིག་ཡོད། ལམ་འདི་ནི་གཙོ་བོ་ཡེ་ཤུ་ཨིན། གཙོ་བོ་ཡེ་ཤུ་ལུ་དད་པ་སྐྱེད། བདེ་བ་ཅན་ལུ་ཁྱོད་ཀྱི་ལྷོད་ནི་ཨིན། (༢) སྡིག་པ་ནང་ལས་ཐར་བའི་ལམ་གཅིག་ཡོད། ལམ་འདི་ཡང་གཙོ་བོ་ཡེ་ཤུ་ཨིན། གཙོ་བོ་ཡེ་ཤུ་ལུ་དད་པ་སྐྱེད། སྡིག་པ་ལས་ཐར་པ་ཁྱོད་ཀྱི་ཐོབ། (༢) འཆི་བའི་སྡུག་བསྔལ་ལས་ཐར་བའི་ལམ་གཅིག་ཡོད། ལམ་འདི་ཡང་གཙོ་བོ་ཡེ་ཤུ་ཨིན། གཙོ་བོ་ཡེ་ཤུ་ལུ་དད་པ་སྐྱེད། འཆི་བའི་སྡུག་བསྔལ་ལས་ཐར་པ་ཐོབ་འོང། (༢) དམྱལ་བའི་སྡུག་བསྔལ་ལས་ཐར་བའི་ལམ་གཅིག་ཡོད། ལམ་འདི་ཡང་གཙོ་བོ་ཡེ་ཤུ་ཨིན། གཙོ་བོ་ཡེ་ཤུ་ལུ་དད་པ་སྐྱེད། དམྱལ་བའི་སྡུག་བསྔལ་ལས་ཐར་པ་ཐོབ་འོང། (༢)
༡་ ནམ་མཁའི་ཞིང་ཁམས་ལུ་བཞུགས་མི་ ང་བཅས་ཀྱི་སྐྱབས་མགོན་ཡེ་ཤུ། ཁྱོད་ལུ་དད་པ་སྐྱེད་དེ་ སེམས་ཀྱི་སྡུག་བསྔལ་སེལ་ཡི། ཁྱོད་ཀྱི་སྐུ་ཁྲག་རིན་ཆེན་ ང་བཅས་དོན་ལུ་གནང་ཡོད། ཁྱོད་ཀྱིས་མཛད་པ་དྲནམ་ད་ དད་པ་སྙིང་ལས་སྐྱེད་ཡོད། ང་བཅས་འབྲུག་པའི་སྤུན་ཆ་ རང་གི་སྡིག་པ་དག་ནིའི་དོན། ཡེ་ཤུ་ལུ་དད་པ་སྐྱེད་ ང་བཅས་སྡིག་པ་དག་འོང། ང་བཅས་སྡིག་པ་དག་འོང། ༢་ སྐྱིད་རུང་ཡེ་ཤུ་སྐྱབས་མགོན་ སྡུག་རུང་ཡེ་ཤུ་སྐྱབས་མགོན། སྐྱིད་སྡུག་ག་ཅི་རང་བྱུང་རུང་ ཡེ་ཤུ་ནམ་ཡང་མ་བརྗེད། ད་རེས་རང་ལུ་ག་དགོཔ་ གཙོ་བོ་ཡེ་ཤུའི་བནང་ཡོད། ཤུལ་ལས་ཐར་ལམ་ ཐོབ་ནིའི་དོན་ལུ་ སྨོན་ལམ་ཞུ་ད། ང་བཅས་སྐྱབས་མགོན་ཡེ་ཤུ་ བླ་ན་མེད་པའི་དཀོན་མཆོག་ ལུས་སེམས་གཉིས་ལུ་དགོ་པའི་ བྱིན་རླབས་ཁོ་གིས་གནང་འོང། བྱིན་རླབས་ཁོ་གིས་གནང་འོང།
གནས་ཚུལ་འདི་ཡོད། སྡིག་ཅན་མི་ཚུ་ལུ། ཚེ་མཐའ་མེད་ཡོད། ཡེ་ཤུ་ལུ་དད་པ་བསྐྱེད། (༢) ཉན་སྨ་རེ་ཆ་རོགས་ཉན་སྨ་རེ། དཀོན་མཆོག་གི་གསུང་ལུ་ཉན་སྨ་རེ། (༢) ད་རིས་ཉན་ནི་དུས་ཡུན་ཡོད། དཀོན་མཆོག་ལུ་དད་པ་བསྐྱེད་དེ་འབད། གནས་ཚུལ་་་། (༢) འཛམ་གླིང་ནང་སྡོད་དེ་ ག་ཅི་འབད་ནི་ཡོད། མེ་ཏོག་བཟུམ་སྦེ་སྐྱེས་ཏེ་གིས། ས་གི་གཟུགས་འདི་ས་རང་ཨིན། ཉིནམ་ཅིག་ས་ལུ་ཐིམ་ནི་ཨིན། (༢) གནས་ཚུལ་་་། (༢) ཉན་ཞིནམ་ད་དད་པ་མ་བསྐྱེད་པ་ཅིན། སྡིག་པའི་རྣམ་སྨིན་འཆི་བ་ཨིན། སྡུ་ནི་དང་སྐྱོ་ནི་འབྱུང་འོང་ཁྱོད། དཀོན་མཆོག་འབྱོན་པའི་ཉིནམ་འདི་ཁར་ལུ། གནས་ཚུལ་་་། (༣)
གཙོ་བོ་ཡེ་ཤུའི་མཚན་ན་ (༢) ང་བཅས་ལུ་རྒྱལ་ཁ་ཡོད། གཙོ་བོ་ཡེ་ཤུའི་མཚན་ན་ (༢) བདུད་དེ་འབྱོག་འགྱོ་དགོ། ཡེ་ཤུའི་མཚན་ན་རྟེན་པ་སྡོདཔ་ད་ ག་གི་ཡང་ང་བཅས་ལུ་གནོད་མི་ཚུགས། ཡེ་ཤུའི་མཚན་ན་ ཡེ་ཤུའི་དབང་ན་ ང་བཅས་ལུ་རྒྱལ་ཁ་ཡོད།
འཛམ་གླིང་ནང་སྡོད་མི་མི་རྣམས་ཀུན། དཀོན་མཆོག་གསུང་ལུ་དེ་སྦེ་ཡོད། དགའ་སྐྱིད་ཕུན་སུམ་ཚོགས་པའི་གཙོ་བོ་ཡེ་ཤུ་མཚན་ལུ་ཡོད། (༢) དཀོན་མཆོག་གི་འཛམ་གླིང་ལུ་བྱམས་སེམས་སྐྱེད་དེ། ཁོ་གི་སྲས་གཅིགཔ་འདི་འཛམ་གླིང་ལུ་གནང་ཡོད། (༢) དད་པ་སྐྱེད་མི་མི་རྣམས་ག་ར་ཚེ་མཐའ་མེད་ཐོབ་ནི་ཨིན། དགའ་སྐྱིད་ཕུན་སུམ་ཚོགས་པའི་གཙོ་བོ་ཡེ་ཤུ་མཚན་ལུ་ཡོད། (༢) ཉིནམ་མཐའ་མའི་དེ་ལུ་མི་རྣམས་ག་ར་ པུས་མུ་གཉིས་ས་ཁར་བཙུགས་ལགཔ་གཉིས་ཐལ་མོབྱར། (༢) ག་ར་གི་ཕྲང་སྟེ་ཞུ་ནི་ཨིན་ ཁོ་གཙོ་བོ་ཡེ་ཤུ་ཨིན། དགའ་སྐྱིད་ཕུན་སུམ་ཚོགས་པའི་གཙོ་བོ་ཡེ་ཤུ་མཚན་ལུ་ཡོད། (༢) ག་ར་གི་སླབ་མས་དུས་ཚོད་ལེ་ཤ་ཡོད། དུས་ཚོད་རྗོགསཔ་ཨིནམ་ག་གི་ཡང་མི་ཤེས། (༢) ད་ལྟོ་མི་རྣམས་ག་ར་གི་དོན་ལུ་ ཐར་པ་གི་སྒི་ཕྱེ་སྟེ་ཡོད། དགའ་སྐྱིད་ཕུན་སུམ་ཚོགས་པའི་གཙོ་བོ་ཡེ་ཤུ་མཚན་ལུ་ཡོད།
ཞིང་ཁམས་བཞུགས་མི་དཀོན་མཆོག་འདི། ང་བཅས་ཡབ་ཆེན་དཀོན་མཆོག་ཨིན། འཛམ་གླིང་མི་གི་སྡིག་སྒྲིབ་ཚུ། བཀའ་དྲིན་བསྐྱང་མི་སྐྱབས་མགོན་ཨིན། འཛམ་གླིང་སྡིག་ཅན་དོན་ཐ་ལས། དཀོན་མཆོག་གི་སྲས་ཅིགཔ་ཡེ་ཤུ་བྱོན། ཁོ་གིས་སྐུ་ཁྲག་རིན་ཆེན་འདི་གིས། སྡིག་པ་ཆ་ཉམས་ཁྱུ་སྟེ་གནང་ཡི། སྙིང་རྗེ་ཆེ་བའི་ཐུགས་ཉིད་འདི། ང་བཅས་སེམས་ཀྱི་སྐྱིད་རོགས་ཨིན། རིན་ཆེན་སྐྱབས་མགོན་ཡེ་ཤུ་ལུ། སེམས་ཀྱི་གཏིང་ལས་བསྟོད་དབྱངས་ཕུལ།
༡་ སྐྱབས་མགོན་གཙོ་བོ་ཡེ་ཤུ་ བླ་མེད་དཀོན་མཆོག་གི་སྲས་ བླ་ན་མེད་པའི་དཀོན་མཆོག་སྲས། ད་རེས་འཛམ་བུ་གླིང་ནང་ ང་བཅས་སྐྱབས་མཛད་པར་བྱོན་ཡི་ ང་བཅས་སྐྱབས་མཛད་པར་བྱོན་ཡི ༢༌ ཁོ༌དང༌མཇལ༌དགོ༌མནོ༌ན༌ བེད༌ལེ༌ཧེམ༌ལུ༌བྱོན༌གནང༌ བེད༌ལེ༌ཧེམ༌ལུ༌བྱོན༌གནང། བ༌ལུག༌གི༌བྱེ༌ཧང༌ནང༌ སྐྱབས༌མགོན༌ཡེ༌ཤུ༌ཁྲུངས༌ནུག༌ སྐྱབས༌མགོན༌ཡེ༌ཤུ༌ཁྲུངས༌ནུག། ༣༌ ཁོ༌ལུ༌དད༌པ༌སྐྱེད༌ན༌ ཁོ༌གིས༌ཐར༌པ༌གནང༌འོང༌ ཁོ༌གིས༌ཐར༌པ༌གནང༌འོང། ཁྱོད༌ལུ༌ཐར༌པ༌དགོ༌ན༌ མ༌སྒུག༌མགྱོགས༌པ༌ཤོག༌ས༌ མ༌སྒུག༌མགྱོགས༌པ༌ཤོག༌ས། ༤༌ ང༌བཅས༌ག༌ར༌འཛོམས༌ཏེ༌ ཁོ༌ལུ༌བསྟོད༌པ༌ཕུལ༌གེ༌ ཁོ༌ལུ༌བསྟོད༌པ༌ཕུལ༌གེ། ད༌རེས༌སྐྱིད༌པའི༌ཉིནམ༌འདི༌ འཛམ༌གླིང༌ཀུན༌ལུ༌ཁྱབ༌ཡོད༌ འཛམ༌གླིང༌ཀུན༌ལུ༌ཁྱབ༌ཡོད།
༡༌ ང༌བཅས༌ཡེ༌ཤུའི༌སྤུན༌ཆ༌ཆ༌ཁྱབ། འཛམ༌གླིང༌མཛད༌མི༌ དྲིན༌ཅན༌དཀོན༌མཆོག༌ལུ། མནོ༌བསམ༌གཅིག༌སྦེ༌གཏང༌སྟེ༌སྨོན༌ལམ༌གཏབ། ༢༌ ག༌ར༌ཞིང༌ཁམས༌ལུ༌འགྱོ༌བའི༌དོན༌ལུ། ང༌བཅས༌ཀྱི༌སྐྱབས༌མགོན༌ཡེ༌ཤུ༌ཁཱིརིས༌ལུ། ཉིན༌མཚན༌མེད༌པར༌སྙིང༌ལས༌གསོལ༌བ༌གཏབ། སྐྱབས༌མགོན༌གཙོ༌བོ༌ཡེ༌ཤུ༌ འཛམ༌བུ༌གླིང༌ལུ༌འཁྲུངས༌ཡི། ང༌བཅས༌སྡིག༌སྒྲིབ༌ག༌ར༌ ཡོངས༌སུ༌ཁོ༌གིས༌དག༌ཡོད། ༢
ད་བིད་ཀྱི་ཁྲོམ་བེད་ལེ་ཧེམ་ལས། གནས་ཚུལ་གསརཔ་གཅིག་གོ་ཡི། ང་བཅས་ཡང་འགྱོ་གེ་ གནས་ཚུལ་ཉན་པ། (༢) ད་རེས་ཁྲུངས་མི་སྲས་འདི། སྐྱབས་མགོན་ཡེ་ཤུ་ཨིན་མས། ང་བཅས་ལུ་ཐར་པ་གནང་མི་སྐྱབས་མགོན། (༢) འཛམ་གླིང་མུན་པ་སེལ་ཏེ། འོད་ཟེར་ཀུན་ལུ་ཁྱབ་སྟེ། ང་བཅས་ཀྱི་མུན་པ་སེལ་ཏེ་དགའ། (༢) ང་བཅས་དགའ་བས། ང་བཅས་སྐྱིད་པས། བཤགས་པ་གནང་མི་འཁྲུངས་ཏེ། ཤོག་ས་དབའི་ ཆ་རོགས་ཁོ་དང་མཇལ་བ། (༣)
༡་ ད་རེས་སྐྱབས་མགོན་འཁྲུངས་ཡོད་ དགའ་བ་ལ། སྐྱབས་མགོན་ཡེ་ཤུ་འཁྲུངས་ཡོད་ སྐྱད་པ་ལ། དགའ་བ་ལ་ སྐྱིད་པ་ལ། (༢) ༢་ བེད་ལེ་ཧེམ་ལུ་འཁྲུངས་ཏེ་ དགའ་བ་ལ། བྱེ་ཧང་ནང་ལུ་བཞུགས་ནུག་ སྐྱིད་པ་ལ། དགའ་བ་ལ་ སྐྱིད་པ་ལ། (༢) ༣་ ལུག་རྗིཔ་ཕོ་ཉ་མཐོང་སོང་ དགའ་བ་ལ། དགའ་བའི་གཏམ་བཟང་བཤད་སོང་ སྐྱིད་པ་ལ། དགའ་བ་ལ་ སྐྱིད་པ་ལ། (༢) ༤་ ཤར་ལས་སྐར་མ་ཤར་ཡི་ དགའ་བ་ལ། སྐརམ་གིས་ལམ་བསྟོན་འབད་ཡི་ སྐྱིད་པ་ལ། དགའ་བ་ལ་ སྐྱིད་པ་ལ། (༢) ༥་ ཐང་ལས་ལུག་རྗིཔ་འོངས་ཏེ་ དགའ་བ་ལ། བསྟོད་པའི་གླུ་དབྱངས་ཕུལ་ཡི་ སྐྱིད་པ་ལ། དགའ་བ་ལ་ སྐྱིད་པ་ལ། (༢) ༦་ ཤར་ལས་མཁས་པ་འོངས་ཡི་ དགའ་བ་ལ། གསེར་དང་དྲི་བཟང་ཕུལ་ཡི་ དགའ་བ་ལ། དགའ་བ་ལ་ སྐྱིད་པ་ལ། (༢) ༧་ ནམ་མཁའ་ཕོ་ཉ་གངས་ཏེ་ དགའ་བ་ལ། བསྟོད་པའི་གླུ་དབྱངས་འཐེན་ཡི་ སྐྱིད་པ་ལ། དགའ་བ་ལ་ སྐྱིད་པ་ལ། (༢) ༨་ སྐྱིད་པའི་ཉི་མ་ཤར་ཡོད་ དགའ་བ་ལ། སྙན་པའི་གླུ་དབྱངས་འཐེན་ཡོད་ སྐྱིད་པ་ལ། དགའ་བ་ལ་ སྐྱིད་པ་ལ། (༢)
བྱོན་པ་ལེགས་སོ་ལེགས་སོ་ མི་མང་ཡོང་ལ་ བྱོན་པ་ ལེགས་སོ་ལེགས་སོ་ཞུ་གེ། [བྱོན་པ་ལེགས་སོ་ཞུ་གེ། ༢] ད་རེས་སྐྱབས་མགོན་འགྲུངས་ཡོད་ འགྲུངས་པའི་དུས་སྟོན་འདི་ལ། བྱོན་པ་ལེགས་སོ་ལེགས་སོ་ཞུ་གེ། [བྱོན་པ་ལེགས་སོ་ཞུ་གེ། ༢] ད་རེས་འདི་ལ་འཛོམས་པའི་ ཕ་མ་བུ་གཞིས་ཡོངས་ལ་ བྱོན་པ་ལེགས་སོ་ལེགས་སོ་ཞུ་གེ། [བྱོན་པ་ལེགས་སོ་ཞུ་གེ། ༢] སྐྱབས་མགོན་གཙོ་བེ་ཡེ་ཤུ་ གྲུངས་པའི་དུས་སྟོན་འདི་ལ་ བརྩི་སྲུང་ཞུ་བ་ལེགས་སོ། [བྱོན་པ་ལེགས་སོ་ཞུ་གེ། ༢] རྒྱལ་པོ་རྣམས་ཀྱི་རྒྱལ་པོ་ སྐྱབས་མགོན་གཙོ་བོ་ཡེ་ཤུ་ འཛམ་བུ་གླིང་ལ་གྲུངས་ཡོད། [བྱོན་པ་ལེགས་སོ་ཞུ་གེ། ༢] སྡིག་ཅན་མི་མང་ཡོངས་ལ་ ཐར་པའི་ཉི་མ་ཤར་ཡོད་ དགའ་བ་སྐྱིད་པ་བྱུང་ཡོད། ཞིང་ཁམས་འགྲོ་བའི་ལམ་ཡོད།
༡་ སོའོ་ གཙོ་བོ་སྐྱབས་མགོན་ཡེ་ཤུ་ལགས། སོའོ་ སྐུ་འགྲུངས་པའི་དུས་ཆེན་འདི། བདེ་སྐྱིད་ལྡན་པའི་ཉིན་མ་ ང་བཅས་སྤུན་སྦེ་བྱོན། བཀྲ་ཤིས་བདེ་ལེགས་འོང་དུས་ དགའ་བའི་གླུ་དབྱངས་འཐེན། ༢ ༢་ སོའོ་ གཙོ་བོ་སྐྱབས་མགོན་ཡེ་ཤུ་ལགས། སོའོ་ སྐུ་འགྲུངས་པའི་དུས་ཆེན་འདི། ངབཅས་ག་ར་འཛོམས་ཏེ་ ཁོ་ལུ་བསྟོད་དབྱངས་ཕུལ། ཞི་བདེ་དགའ་སྐྱིད་གནང་མི་ སྐྱབས་མགོན་ཡེ་ཤུ་ལུ། ༢ ༣་ སོའོ་ གཙོ་བོ་སྐྱབས་མགོན་ཡེ་ཤུ་ལགས། སོའོ་ སྐུ་འགྲུངས་པའི་དུས་ཆེན་འདི། དགའ་སྐྱིད་ཕུན་སུམ་ཚོགས་པའི་ འབྲུག་གི་རྒྱལ་ཁབ་ན། མི་མང་ཡོངས་ཀྱི་སྐྱབས་མགོན་ གཙོ་བོ་ཡེ་ཤུ་འབྱོན། ༢ ༤་ སོའོ་ གཙོ་བོ་སྐྱབས་མགོན་ཡེ་ཤུ་ལགས། སོའོ་ སྐུ་འགྲུངས་པའི་དུས་ཆེན་འདི། དདཔ་ཅན་ཕོ་མོ་དམངས་ཀྱི་ ནཱ་ལུ་དགའ་ཚོར་བསམ། བྱམས་དང་སྙིང་རྗེ་ཆེ་བའི་ སྐྱབས་མགོན་ཡེ་ཤུ་ལུ། ༢ ༥་ སོའོ་ གཙོ་བོ་སྐྱབས་མགོན་ཡེ་ཤུ་ལགས། སོའོ་ སྐུ་འགྲུངས་པའི་དུས་ཆེན་འདི། ང་བཅས་དགའ་སྤྲོ་འགྱུར་ཏེ་ ཁོ་ལུ་བསྟོད་པ་ཕུལ། ལུས་ཀྱི་རྣམ་འགྱུར་བཏོན་ཏེ་ དགའ་བའི་གླུ་དབྱངས་འཐེན། ༢
ཧེ་པཱི་ཁི་རཱིས་མས།༤ ཧེ་པཱི་ཁི་རཱིས་མས།༢ འཛམ་གླིང་མི་རྣམས་ ཡོངས་ལ་ ཧེ་པཱི་ཁི་རཱིས་མས ཧེ་པཱི་ཁི་རཱིས་མས།༢ འཛམ་གླིང་འོད་ཟེར་ ད་རེས་འདི་ལུ་གྲུངས། མི་རྣམས་ཀུན་གྱི་ཐར་པ་ ད་རེས་འདི་ལུ་གནང། ཧེ་པཱི་ཁི་རཱིས་མས།༢ ཧེ་པཱི་ཁི་རཱིས་མས།༤ ཧེ་པཱི་ཁི་རཱིས་མས།༢ འབྲུག་པའི་མི་རྣམས་ཡོངས་ལ་ ཧེ་པཱི་ཁི་རཱིས་མས། ཧེ་པཱི་ཁི་རཱིས་མས།༢ ཐར་པ་གནང་མི་ཡེ་ཤུ་ལུ་ དད་པ་ཧིང་ལས་སྐྱེད་གེ། ཞིང་ཁམས་ལས་བྱོན་མི་ཡེ་ཤུ་ལུ་ བསྟོད་པ་གཏང་རག་ཕུལ་གེ། ཧེ་པཱི་ཁི་རཱིས་མས།༢ ཧེ་པཱི་ཁི་རཱིས་མས།༤ ཧེ་པཱི་ཁི་རཱིས་མས།༢ ཡེ་ཤུ་འགྲུངས་མི་གཏམ་བཟང་ མུ་རྣམས་ཀུན་ལུ་བཤད་གེ། སྡིག་པ་ལས་ཐར་པའོ་ཉིནམ་འདི་ ཡེ་ཤུ་གྲུངས་པའི་ཉིནམ་ཨིན། ཧེ་པཱི་ཁི་རཱིས་མས།༤ ཧེ་པཱི་ཁི་རཱིས་མས།༢ ཐར་པ་གནང་མི་ཉིནམ་འདི་ལུ་ དགའ་སྤྲོ་ཧིང་ལས་འགྱུར་གེ། ང་བཅས་ག་ར་འཛོམས་ཏེ་ བཀའ་དྲིན་དགའ་ཚོར་ཞུ་གེ། ཧེ་པཱི་ཁི་རཱིས་མས།༢
༡་ ཨ་ཆུ་ཆུ་ གྱང་མས་ས་ [ག་ཏེ་འགྱོ་རུང་ ཁོས་སི་སི་མས། ༢] དེ་མའི་གྱང་མི་གྱང་ དེ་མའི་སི་མི་སི། དུས་ཚོད་འདི་བཟུམ་ནང་ལུ་ སྐྱབས་མགོན་ཡེ་ཤུ་འགྲུངས་ནུག། ༢ ༢་ ཡོ་སེབ་དང་མཱིར་ཡམ་གཉིས་ [ག་ཏེ་འགྱོ་རུང་ གནསཔོ་མ་ཐོབ་པས། ༢] དེ་མའི་གྱང་མི་གྱང་ དེ་མའི་སི་མི་སི། དུས་ཚོད་འདི་བཟུམ་ནང་ལུ་ སྐྱབས་མགོན་ཡེ་ཤུ་འགྲུངས་ནུག། ༢ ༣་ ཤར་ཕྱོགས་ལས་ རྕིས་ལུ་མཁས་མི་ཚུ་ [ནམ་མཁའི་སྐརམ་ལུ་བལྟ་སྟེ། སྐྱབས་མགོན་མཇལ་བར་འོང་ནུག། ༢] དེ་མའི་གྱང་མི་གྱང་ དེ་མའི་སི་མི་སི། དུས་ཚོད་འདི་བཟུམ་ནང་ལུ་ སྐྱབས་མགོན་ཡེ་ཤུ་འགྲུངས་ནུག ༢ ༤་ འཛམ་བུ་གླིང་ མི་དམང་ཡོངས་ལུ་ [སྡིག་པ་ནང་ལས་ ཐར་པ་གནང་བར་བྱོན་ནུག། ༢] དེ་མའི་གྱང་མི་གྱང་ དེ་མའི་སི་མི་སི། དུས་ཚོད་འདི་བཟུམ་ནང་ལུ་ སྐྱབས་མགོན་ཡེ་ཤུ་འགྲུངས་ནུག། ༢
ཨིམ་མ་ནུ་ཡེལ་ ༢ ཁྱོད་རང་གི་མཚན་ཨིམ་མ་ནུ་ཡེལ། དཀོན་མཆོག་ང་བཅས་ དང་མཉམ་ཅིག་བཞུགས། ཁྱོད་རང་གི་མཚན་ཨིམ་མ་ནུ་ཡེལ། ༢
ཁོ་གཙོ་བོ་ཨིན།༢ ཁོ་གཤགས་ས་ལས་ལོག་བཞེངས་ཏེ། ཁོ་གཙོ་བོ་ཨིན། ག་ར་གིས་ཕྱག་འཚལ་ ག་ར་གིས་ཕྲང་སྟེ་ཞུ། ང་བཅས་ཡེ་ཤུ་ཁིརཱིས་འདི་གཙོ་བོ་ཨིན། ༢ ཁོ་གཙོ་བོ་ཨིན།༢ ཁོ་ཞིང་ཁམས་བྱོན་ནི་འདི་གིས། ཁོ་གཙོ་བོ་ཨིན། ག་ར་གིས་་་། ག་ར་གིས་་་། ང་བཅས་ཡེ་ཤུ་ཁིརཱིས་འདི་གཙོ་བོ་ཨིན། ༢ ཁོ་གཙོ་བོ་ཨིན།༢ དཀོན་མཆོག་གི་སྐྱ་མདུན་བཞུགས་ཡོད། ཁོ་གཙོ་བོ་ཨིན། ག་ར་གིས་་་། ག་ར་གིས་་་། ང་བཅས་ཡེ་ཤུ་ཁིརཱིས་འདི་གཙོ་བོ་ཨིན། ༣
གྲམ་ཤིང་གུ་ལུ་གཤགས་མི་ཡེ་ཤུ་མཆོག། གཙོ་བོ་ཚུ་གི་གཙོ་བོ་ལུ་བསྟོད་པ། རྒྱལ་པོ་ཚུ་གི་རྒྱལ་པོ་ལུ་གཟི་བརྗིད། ༢ དད་པ་དང་མོས་གུས་ མགུར་མ་དང་བཀའ་དྲིན་ཆེ། དཔལ་གྲམ་ཤིང་གུ་གཤགས་མི་ཡེ་ཤུ་ལུ། ཡིད་ཆེས་དང་རྩིས་མཐོང་ སྟོབས་ཤུགས་དང་དབང་ཚད། ཁྱོད་དམ་པ་ དམ་པ་དམ་ གཙོ་བོ་དཀོན་མཆོག། གྲམ་ཤིང་གུ་ལུ་གཤགས་མི་ཡེ་ཤུ་མཆོག་་་། ཧོ་སེ་ན་ ཨཱ་མེན་ གུས་བཏུད་དང་སྨོན་ལམ། དཔལ་གྲམ་ཤིང་གུ་གཤགས་མི་ཡེ་ཤུ་ལུ། བདེ་བ་དང་ཐར་པ་ ཞི་བདེ་དང་དགའ་བ། གནང་མི་གཙོ་བོ་ གཙོ་བོ་ གཙོ་བོ་ དཀོན་མཆོག་ཁྱོད། ཁྲམ་ཤིང་གུ་ལུ་གཤགས་མི་ཡེ་ཤུ་མཆོག་་་།
ཆ་རོགས་ཚུ་ ཀཱལ་བ་རི་གི་གངས་རི་ལུ་བལྟ་གནང་མས། ཡེ་ཤུ་ང་བཅས་ལུ་བྱམས་པ་སྦོམ་མཛད་ནུག་གོ།༢ སྡིག་ཅན་མི་གི་སྡིག་པ་སེལ་ནི་ལུ། ཡེ་ཤུ་མ་ཤི་ཀམ་ཤིང་གུ་གཤགས་ནུག་གོ། འདི་ལུ་ཁྱེད་ཀྱི་བདེན་འཛིན་རེ་མེན་ན། ཁྲམ་ཤིང་གུ་བརྐྱངས་མི་ཡེ་ཤུ་ལུ།༢ ཆ་རོགས་ཚུ་་་། ཡེ་ཤུ་ལོག་སྟེ་འཛམ་གླིང་ནང་འབྱོན་ནི་ཨིན། དད་པ་ཡོད་མི་ མི་ཚུ་འཁྱིད་ནིའི་དོན་ལུ། ཡབ་ཆེན་དཀོན་མཆོག་བཞུགས་པའི་ཞིང་ཁམས་ལུ། འགྱོ་ནི་བཅའ་སྒྲིག་ད་ལྟོ་ལས་བརྐྱབ་དགོ་མས།༢ ཆ་རོགས་ཚུ་་་།
ཡར་གནམ་ཁ་བཞུགས་མི་དཀོན་མཆོག་གིས། འཛམ་གླིང་དོན་ལུ་གཟིགས་ཏེ་སྙིང་རྗེ་མཛད། (༢) ཁོ་གི་སྲས་གཅིགཔ་ཡེ་ཤུ་འཛམ་གླིང་ནང། སྡིག་པ་བཀའ་དྲིན་བསྐྱངས་པའི་དོན་ལུ་གནང། གཱལ་ག་ཐཱ་ཟེར་བའི་གངས་རི་ལུ། ཁྲམ་ཤིང་གུ་ལས་ཡེ་ཤུའི་སྐུ་ཁྲག་འཛག། སྡིག་པ་ཡོད་མི་ཆ་མཉམ་འཁྱུ་སྟེ་གི། སྡིག་ཅན་ཐར་པ་ཐོབ་པའི་སྒོ་འདི་ཕྱེ། ཁོ་ལུ་དད་པ་སྐྱེད་མི་ཆ་མཉམ་རང། འཆི་བ་ནང་ལས་སྐྱབས་མཛད་དེ་གིས། ཚེ་མཐའ་མེད་པའི་བྱིན་རླབས་གནང་མི་ལུ། གཙོ་བོ་ཡེ་ཤུ་མཚན་ལུ་བསྟོད་པ་ཕུལ། དགའ་སྐྱིད་ཕུན་སུམ་ཚེགས་པའི་སྤུན་ཆ་ཚུ། དགའ་བ་སྐྱིད་པ་གནང་མི་གཙོ་བོ་ཨིན། སྙིང་ལས་དད་དང་མོས་གུས་སྐྱེད་དེ་གིས། གཙོ་བོ་ཡེ་ཤུ་མཚན་ལུ་ཞུབས་ཏོགཞུ།
༡་ ང་བཅས་ཡེ་ཤུ་ལོག་སྟེ་བཞེངས་ཡི། ཁྲམ་ཤིང་གུ་གཤགས་མི་ཡེ་ཤུ་འདི། (༢) ཞག་གསུམ་ལུ་ལོག་སྟེ་གསོན་པོ་བཞེངས། ཧ་ལེ་ལུ་ཡ་་་ཧ་ལེ་ལུ་ཡ་ཞུ། (༢) ༢་ ཡེ་ཤུ་གི་ཆོས་བཤད་གནང་སྟེ་གསུངས་ཡི། ག་ར་སྡིག་བཤགས་ཐོབ་པའི་དོན་ལུ་ཤོག། (༢) ཡབ་དཀོན་མཆོག་གི་བཀྲིན་སྐྱངས་ཨའོང། ཧ་ལེ་ལུ་ཡ་་་ཧ་ལེ་ལུ་ཡ་ཞུ། (༢) ༣་ ཡེ་ཤུ་གི་ཆོས་བཤད་གནང་སྟེ་གསུངས་ཡི། ང་ནས་ལམ་དང་བདེན་པ་ཚེ་ཨིན། (༢) ཞིང་ཁམས་ཀྱི་དབང་ཚད་ང་ལུ་ཡོད། ཧ་ལེ་ལུ་ཡ་་་ཧ་ལེ་ལུ་ཡ་ཞུ། (༢) ༤་ ཡེ་ཤུ་ང་བཅས་སྟིག་པའི་དོན་ལུ་གཤགས། ཉིནམ་གསུམ་ལུ་ལོག་སྟེ་གསོན་པོ་བཞེངས། ག་ཙོ་བོ་ལུ་མགུར་མ་དང་བསྟོད་པ་ཕུལ། ཧ་ལེ་ལུ་ཡ་་་ཧ་ལེ་ལུ་ཡ་ཞུ། (༢)
༡་ དཀོན་མཆོག་བཀའ་བཞིན་ཕྱི་དུས་འདི་འདྲ་འབྱུང། ལུས་ཅན་ཀུན་ལ་ང་ཡི་ཐུགས་ཉིད་བླུག། ༢ ༢་ ཁྱོད་ཀྱི་བུ་དང་བུ་མོས་ལུང་བསྟན་འགྱུར། ཁྱེད་ཚོའི་གཞོན་གུས་ཞལ་གཟིགས་མཐོང་བར་འགྱུར། ༢ ༣་ ཁྱོད་ཀྱི་རྒན་པོས་རྨི་ལམ་རྨི་་བར་འགྱུར། དེ་དུས་ང་ཡི་གཡོག་དང་གཡོག་མོ་ལ། ༢ ༤་ ང་ཡི་ཐུགས་ཉིད་བླུགས་པས་ལུང་བསྟན་འགྱུར། ང་ཡིས་སྟེང་གི་གནམ་ནང་ངོ་མཚར་དང། ༢ ༥་ འོག་གི་ས་ལ་ལྟས་རྣམས་བསྟན་བྱ་ཞིང། ཁྲག་དང་མེ་དང་དུ་བ་འཐུལ་བ་འབྱུང། ༢ ༦་ ཆེན་པོ་ལགས་ཤིང་ཁྱད་པར་ཅན་ཡིན་པའི། གཙོ་བོའི་ཉིན་མོ་མ་བསླེབ་སྔོན་རོལ་དུ། ༢ ༧་ ཉི་མ་མུན་འགྱུར་ཟླ་བ་ཁྲག་དུ་འགྱུར། གཙོ་བོའི་མཚན་ནས་བརྗོད་ཚད་ཐར་བར་འགྱུར། ༢
དཀོན་མཆོག་དང་ནི་ཉམས་པ་སྤངས། ཉིད་ཀྱི་གཟི་བརྗིད་དོར་མཛད་དེ་ ཧ་ལེ་ལུ་ཡ། ༼བྲན་གྱི་ས་ནི་ཡོངས་བཞེས་ནས། མི་ཕལ་རྣམས་དང་འདྲ་བར་འགྱུར།༽ ༢ མི་ཡི་རྣམ་འགྱུར་ལྡན་པས་ན། དམན་ས་བཟུང་ཞིང་རྒྱང་ཤིང་ཁར་ ཧ་ལེ་ལུ་ཡ། ༼གྲོངས་པ་ཙམ་དུ་བཀའ་འབངས་མཛད། དེ་ཡི་ཕྱིར་དུ་དཀོན་མཆོག་གིས།༽ ༢ མཚན་རྣམས་ཡོངས་ལས་མཐོ་བའི་མཚན། ཁོང་ལ་གནང་ཞིང་འཕགས་པར་མཛད་ ཧ་ལེ་ལུ་ཡ། ༼ཡི་ཤུའི་མཚན་ནི་རྗོད་ཙམ་དུ། ས་འོགས་ས་སྟེང་ས་བླ་གསུམ།༽ ༢ པུས་མོ་འཛུག་ཅིང་ལྕི་རེ་རེས། ཡི་ཤུ་མ་ཤི་ཀ་འབའ་ཞིག་ ཧ་ལེ་ལུ་ཡ། གཙོ་བོ་ལགས་ཞེས་ཁས་བླང་ཞིང། དཀོན་མཆོག་ཡབ་ལ་བསྟོད་པར་འགྱུར།
ང་ཡེ་ཤུ་གཅིག་ཁར་ ཐག་ཆོད་འགྱོ་ནི། ནམ་ཡང་ལོག་ནི་མེདཔ་སྦེ་འགྱོ་ནི་ཨིན། ༢ ཆ་རོགས་ཁྱོད་རང་ འཛམ་གླིང་འབག་ཆི། ང་ལུ་གཙོ་བོ་ཡེ་ཤུ་གནང་མས། ༢ ང་ཡེ་ཤུ་གཅིག་ཁར་ ཐག་ཆོད་འགྱོ་ནི། ནམ་ཡང་ལོག་ནི་མེདཔ་སྦེ་འགྱོ་ནི་ཨིན། ༢ འཇིག་རྟེན་འཛམ་གླིང་བཞག་སྟེ་གི། ང་གི་ཁྲམ་ཤིང་འབག་སྟེ་འགྱོ་ནི་ཨིན། ༢ ང་ཡེ་ཤུ་གཅིག་ཁར་ ཐག་ཆོད་འགྱོ་ནི། ནམ་ཡང་ལོག་ནི་མེདཔ་སྦེ་འགྱོ་ནི་ཨིན། ༢ ག་ཡང་འོང་མི་མེད་རུང་རང་སྨོ། ང་ར་རྐྱངམ་ཅིག་ཐག་གཅད་འགྱོ་ནི་ཨིན། ༢ ང་ཡེ་ཤུ་གཅིག་ཁར་ ཐག་ཆོད་འགྱོ་ནི། ནམ་ཡང་ལོག་ནི་མེདཔ་སྦེ་འགྱོ་ནི་ཨིན། ༢
ང་ ཧོད་ ལྟོངམ་བཟུམ་སྦེ་ཨིན་ ས་གི་ བཟོ་བཟོ་བའི་ལུས་ ཨིན། ཕྱག་གི་བརྡུང་ ཞབས་ཀྱི་བསྣད་ ཡེ་ཤུ་གི་ཐུགས་དགོངས་བཞིན་དུ། ང་ལུ་མཛད་གནང་ ང་ལུ་འགྱུར་གནང། ༢ ཁམ་ལོག་སི་སི་སྦེ་ ང་ཡོད་ ང་ལུ་ཆུ་བཤལ་རྐྱབ་སྟེ་གནང། ༢ ནཱ་གིས་ཐུགས་ཉིད་ཀྱི་གང་སྟེ་ སྟོབས་ཤུགས་ཅན་སྦེ་མཛད་གནང།༢ ང་ ཧོད་ ལྟེངམ་བཟུམ་སྦེ་ཨིན་་་ དམ་པའི་ཐུགས་ཉིད་ འཕྲལ་འཕྲལ་རང་ ང་ལུ་མཉམ་ཆུང་མཛད་དེ་གནང།༢ དུས་ནམ་རང་འབད་རུང་ རང་ སྨོན་ལམ་གྱི་ཚེ་ ང་ལུ་གནང།༢ ང་ ཧོད་ ལྟེངམ་བཟུམ་སྦེ་ཨིན་་་ ང་ ཡེ་ཤུ་གི་ ཧོད་ཨིན་ འུ་སྡུག་ཐང་ ཆད་དེ་ཡོད།༢ ཁྱོད་ཀྱི་སྟོབས་དང་ལྡན་པའི་ཕྱག་གིས་ ང་ལུ་བཤེད་དེ་ འཁྱིད་གནང།༢ ང་ ཧོད་ ལྟེངམ་བཟུམ་སྦེ་ཨིན་་་ ང་ ཧོད་ ལྟེངམ་བཟུམ་སྦེ་ ང་ ས་གི་ བཟོ་བཟོ་བའི་ལུས་ ཨིན། ཕྱག་གི་བརྡུང་ ཞབས་ཀྱི་བསྣད་ ཡེ་ཤུ་གི་ཐུགས་དགོངས་བཞིན་དུ། ང་ལུ་མཛད་གནང་ ངལུ་འགྱུར་གནང། ༢
༡་ ཆ་རོགས་ཁྱོད་ལུ་ གཙོ་བོའི་མཚན་གླི་ བཀའ་ལེན་གནང་བར་ཤོག་ ༢ ༢་ ཆ་རོགས་ཁྱོད་ལུ་ཡེ་ཤུ་མཚན་གྱི་ ཐར་པ་གནང་བར་ཤོག་ ༢ ༣་ ཆ་རོགས་ཁྱོད་ལུ་དམ་པའི་ཐུགས་ཉིད་ དབང་གནང་བར་ཤོག་ ༢ ༤་ ཆ་རོགས་ཁྱོད་ཀྱིས་ དམ་པ་ཁོ་ལུ་བསྟོད་དབྱངས་ཕུལ་བར་ཤོག་ ༢
ན་གཞོན་ཕོ་མོ་ཡོངས་ཀྱི་སྐྱབས་མགོན་དཀོན་མཆོག་དྲན་ཏེ། ལུས་ཀྱི་ལྕོགས་པའི་དུས་ལུ་ཁོ་ལུ་ཕྱག་ཕྱིད་ཞུ་གེ། དགའ་བའི་བསྟོད་དབྱངས་ཕུལ་ཏེ་ སྐྱིད་པའི་བྲོ་ཅིག་འཁྱམས་ཤོག། ཚེ་གི་དངོས་གྲུབ་ཐོབ་པ་ཁོ་ལུ་བཀའ་དྲིན་བསམ་ཤོག། འཆི་བ་མི་རྟག་པ་འདི་མི་རི་གས་ཡོངས་ཀྱི་བགོ་བཤའ། སྐྱེས་བའི་མཐའ་མ་ཤི་བ་དཀོན་མཆོག་ཡི་བཀོད་པ་རང་བཞིན། ཐོབ་པའི་མི་ལུས་རིན་ཆེན་དོན་མེད་འཕྲོ་བརླག་མ་གཏང། རང་སེམས་རང་གི་བཟུང་སྟེ་དཔེ་ལམ་བཟང་པོ་བཏོན་ཤོག། ཐལ་བ་ཨིན་པའི་ལུས་འདི་ཐལཝ་ལུ་མ་འགྱུར་བར་དུ། གོ་སྐབས་ཐོབ་པའི་དུས་ལུ་གཙོ་བོའི་ཞབས་ཏོག་ཞུ་གེ།
གནམ་ཁ་བཞུགས་པའི་དཀོན་མཆོག་ངོ་མ་འདི་ལ། སྐྱབས་མཛད་བྱིན་རླབས་གནང་མི་དཀོན་མཆོག་ཨིན། གཙོ་བོ་ཡེ་ཤུ་མཚན་ལུ་ཧ་ལེ་ལུ་ཡ། གཙོ་བོ་ཡེ་ཤུ་་་། མ་ཤི་ཀ་པ་མང་གི་སེམས་ཁར་བཞུགས་གནང། གཙོ་བོ་ཡེ་ཤུ་མཚན་ལུ་བསམ་སྟེ་སྡོད། གཙོ་བོ་་་། གཙོ་བོ་་་། གཙོ་བོ་ཡེ་ཤུ་གསུངས་མི་གསུང་འདི་ཉན། འཛམ་གླིང་ཉིནམ་ཅིག་ནུབ་ནི་དུས་འོང་དོ། གཙོ་བོ་་་། གཙོ་བོ་་་། འཛམ་གླིང་ཉིནམ་ཅིག་ནུབ་ནི་དུས་འོང་དོ་ལ། ཞིང་ཁམས་འགྱོ་ནི་ལམ་འདི་དྲན་དགོ་པས། གཙོ་བོ་་་། གཙོ་བོ་་་། ཞིང་ཁམས་འགྱོ་ནི་ལམ་འདི་གཙོ་བོ་ཨིན་ལགས། ཧ་ལེ་ལུ་ཡ་ཞུ་སྟེ་འགྱོ་གེ་སྨོ། གཙོ་བོ་་་། གཙོ་བོ་་་། ད་ལྟོ་བར་ཆད་སེལ་ཏེ་ཧ་ལེ་ལུ་ཡ། མཐའ་མེད་ཚེ་འདི་གནང་སྟེ་བཀའ་དྲིན་བསྐྱངས། གཙོ་བོ་་་། གཙོ་བོ་་་།
༡་ གནམ་ཁ་བཞུགས་པའི་དཀོན་མཆོག་ ཧ་ལེ་ལུ་ཡ། ད་རིས་ན་ལུ་འབྱོན་ཏེ་བཀྲིན་བསྐྱངས།༢ ༢་ དཀོན་མཆོག་ན་ལུ་འབྱོན་ཏེ་ ཧ་ལེ་ལུ་ཡ། ང་བཅས་སྤུན་ཆ་མང་གི་སྦུག་ལུ་བྱོན།༢ ༣་ སྤུན་ཆ་མང་གི་སྦུག་ལུ་ ཧ་ལེ་ལུ་ཡ། ག་ཙོ་བོ་ཡེ་ཤུ་བཀའ་དང་འཁྲིལ་ཏེ་ཞུ།༢ ༤་ གཙོ་བོ་ཡེ་ཤུ་མཚན་ལུ་ ཧ་ལེ་ལུ་ཡ། རྒྱལ་ཁབ་མང་གི་དོན་ལུ་གསན་གནང་མས།༢ ༥་ རྒྱལ་ཁབ་མང་གི་དོན་ལུ་ ཧ་ལེ་ལུ་ཡ། ཐུགས་རྗེ་བྱིན་རླབས་གནང་སྟེ་བཀའ་དྲིན་བསྐྱངས།༣
བནམ་ཁ་བཞུགས་པའི་ངེད་ཀྱི་ཡབ་་་སོ་ཡ་ལ། ཁྱོད་མཚན་དམ་པར་སྲུང་བར་ཤོག། གཙོ་བོ་དཀོན་མཆོག་ཁྱོད་མཚན་ལ་དམ་པར་སྲུང་བར་ཤོག། ཁྱོད་ཀྱི་རྒྱལ་སྲིད་འོང་བར་ཤོག་་་སོ་ཡ་ལ། ཁྱོད་ཀྱི་དགོངས་པར་ནམ་མཁའ་ལ། གཙོ་བོ་དཀོན་མཆོག་ཁྱོད་ཀྱི་ལ། དགོངས་པར་ནམ་མཁའ་ལ། སྒྲུབ་ལྟར་ས་ལའང་གྲུབ་པར་ཤོག་་་སོ་ཡ་ལ། ངེད་ཀྱི་ཉི་མ་རེའི་ཁ་ཟས། གཙོ་བོ་དཀོན་མཆོག་ངེད་ཀྱི་ཉི་མ་རེའི་ཁ་ཟས། ད་རིང་ཡང་ནི་གནང་བར་མཛོད་་་སོ་ཡ་ལ། ངེད་ཀྱི་གཞན་ཉེས་སེལ་བ་ལྟར། གཙོ་བོ་དཀོན་མཆོག་ངེད་ཀྱི་ལ། གཞན་ཉེས་སེལ་བ་ལྟར། ངེད་ཀྱི་སྡིག་པ་སེལ་བར་མཛད་་་སོ་ཡ་ལ། ཉམས་སད་ནང་དུ་མ་འགྲིད་པར། གཙོ་བོ་དཀོན་མཆོག་ཉམས་སད་ལ་ནང་དུ་མ་འགྲིད་པར། ངན་པ་ལས་ངན་ཐར་མཛོད་་་སོ་ཡ་ལ། རྒྱལ་སྲིད་དབང་དང་གཟི་བརྗིད་ནི། གཙོ་བོ་དཀོན་མཆོག་རྒྱལ་སྲིད་ལ། དབང་དང་གཟི་བརྗིད་ནི།
༡་ མནའམ་གསར་པ་རྨག་པ་གསརཔ་ དཀོན་མཆོག་གི་སྐུ་མདུན་ཕུལཝ་ཨིན། བྱིན་རླབས་དང་བཀྲ་ཤིས་སྨོན་ལམ་ དཀོན་མཆོག་གི་སྐུ་མདུན་ལས་ཞུ་གེ། ༢་ ཚེ་རིང་སྟེ་ནད་ཉུང་བ་ ཁྱེད་གཉིས་ལུ་འོང་བར་ཤོག ངན་པའི་ཕྱོགས་ལས་བར་ཆད་ ཁྱེད་གཉིས་ལུ་བྱུང་མ་བཅུག དཀོན་མཆོག་གི་ཕྱག་ལཱ་འདི་ ཁྱེད་གཉིས་ཀྱིས་འབད་བར་ཤོག ༣་ ཁྱེད་གཉིས་ཀྱི་མི་ཚེ་ལས་ དཔེ་བཟང་པོ་མཐོང་བར་ཤོག དཀོན་མཆོག་གི་ཕྱག་ལཱ་འདི་ ཁྱེད་གཉིས་ཀྱིས་འབད་བར་ཤོག།
འབྱོན་གནང་མས་འབྱོན་གནང་མས། བཞུགས་གནང་མས་ངེ་དཀོན་མཆོག། ཨའེ་ངེ་གཙོ་བོ་སྐྱབས་མགོན་ཡེ་ཤུ། ས་འཇིག་རྟེན་འཛམ་གླིང་འདི་ནང་ལུ། ཐུགས་རྗེ་གཟིགས་སྐྱབས་མཛད་གནང། ས་འཛམ་གླིང་སྐྱབས་མཛད་གནང། ཨའེ་ངེ་སྐྱབས་དང་རེ་ཆ་ཁྱོད་ལུ་ཨིན། མཛད་མི་ཐམས་ཅད་དཀོན་མཆོག་ཨིན། ང་སྡིག་པའི་ནང་ལས་བཏོན་གནང་ཤོག། འབྱོན་གནང་མས་འབྱོན་གནང་མས། བཞུགས་གནང་མས་ངེ་དཀོན་མཆོག། ཨའེ་ངེ་དམ་པའི་ཐུགས་ཉིད་འབྱོན་གནང། སྤུས་མོ་ས་ཁར་བཙུགས་ཏེ་གིས། ལགཔ་གཉིས་ཐལ་མོ་བྱར་ཏེ་གིས། ཐུགས་རྗེ་གཟིགས་སྐྱབས་མཛད་གནང། ས་འཛམ་གླིང་འདི་སྐྱབས་མཛད་གནང། ཨའེ་ངེ་གཙོ་བོ་སྐྱབས་མགོན་ཡེ་ཤུ། ཁྱོད་ཀྱི་བྱམས་པ་འཛམ་གླིང་ལུ་མཛད། ཨའེ་སྡིག་ཅན་ཡོངས་ལུ་ཐར་པ་གནང།
༡་ འབྲུག་པའི་བུ་དང་བུ་མོ་ ཚ་གྱང་ལེ་ཤ་མ་ལངས། སྐྱབས་མགོན་གཙོ་བོ་ཡེ་ཤུ་བཞུགས་ཡོད། ཁོ་གི་ཁྱེད་ལུ་བྱམས་པ་མཛད་འོང། ༢ ༢་ འབྲུག་པའི་བུ་དང་བུ་མོ་ བསམ་བློ་ངན་པ་མ་གརང། སྐྱབས་མགོན་གཙོ་བོ་ཡེ་ཤུ་བཞུགས་ཡོད། ཁོ་གིས་ཁྱེད་ལུ་རེ་བ་གནང་འོང། ༢ ༣་ འབྲུག་པའི་བུ་དང་བུ་མོ་ སྔུག་བསྔལ་མྱོང་རུང་བཟོད་པ་བསྒོམ། སྐྱབས་མགོན་གཙོ་བོ་ཡེ་ཤུ་བཞུགས་ཡོད། ཁོ་གིས་ཁྱེད་ལུ་སེམས་གསོ་མཛད་འོང། ༢
༡་ མི་ལུས་རིན་ཆེན་ཐོབ་རུང་རང་ དཀོན་མཆོག་མི་གི་ཚེ་ནང་མེད་པ་ཅིན། འཇིག་རྟེན་འཛམ་གླིང་ནང་སྡོད་དེ་གི། དོན་དག་རྩ་ལས་མིན་འདུག་མས། ༢ ༢་ ངོ་རིས་གཟུགས་གཞིས་ཡོད་རུང་རང། ༣ ༣་ རྒྱུ་ནོར་ལོངས་སྤྱོད་ཡོད་རུང་རང། ༣ ༤་ གོ་གནས་སྦོམ་ཡོད་རུང་རང། ༣ ༥་ མི་ཚེ་རིངམ་སྦེ་སྡོད་རུང་རང། ༣ ༦་ དོན་དག་མེད་པའི་མི་གི་ཚེ་ནང། དཀོན་མཆོག་ཁྱོད་བཞུགས་གནང་སྟེ། འཛམ་གླིང་ནང་ལུ་འོད་དང་ཚྭ་བཟུམ། ༢ དཀོན་མཆོག་ཁྱོད་ཀྱི་མཛད་གནང་མས། ༣
ཞིང་ཁམས་བཞུགས་མི་ངེ་གི་ཡབ་ ཁྱོད་མཚན་དམ་པ་སྲུང་བར་ཤོག ཁྱོད་ཀྱི་རྒྱལ་སྲིད་བྱོན་པར་ཤོག ༢ ཐུགས་དགོངས་ཞིང་ཁམས་ལུ་སྒྲུབ་དོ་བཟུམ་ ས་ཁར་ཡང་སྒྲུབ་པར་ཤོག ང་ལུ་ཉིནམ་རེ་གི་བཟའ་འཐུང་ ད་རེས་ཡང་ནི་གནང་བར་མཛོད། ༢ རང་ལུ་འཛོལ་བ་འབད་མི་ལུ་ ང་གིས་དགོངས་ཡང་གཏང་དོཝ་བཟུམ། རང་གི་སྡིག་བཤགས་ཡང་བཞེས་གནང། ༢ བར་ཆད་ནང་ལུ་ཚུད་མ་བཅུག་ ངན་པ་དེ་ལས་སྐྱབས་མཛད་གནང། རྒྱལ་སྲིད་དབང་དང་གཟི་བརྗིད་དེ་ དུས་རྒྱུན་དུ་ཁྱོད་ཀྱི་ཨིན་ནོ། ༢ ཨ་མེན།
གཙོ་བོ་མཚན་ན་ ང་བཅས་རྒྱལ་ཁ་ཡོད། ཁོ་ལས་ང་བཅས་སེམས་གསོ་ཐོབ། ཤི་བའི་ལམ་ལས་རྒྱལ་ཁ་གཙོ་བོ་གིས། ག་ར་ཁོ་ལུ་བསྟོད་པ་ཕུལ། ༢ དཔལ་ཞིང་ཁམས་ཕོ་བྲང་གི་གསེར་ཁྲི་ལུ། སྐད་འཐེན་ཏེ་ཁོ་ལུ་བསྟོད་པ་ཕུལ། ག་ར་བསྡོམ་སྟེ་མགུར་མ་ཕུལ་གེ། ཧ་ལ་ལུ་ཡ་ ཧོ་ས་ན། ཧ་ལེ་ལུ་ཡ་ ཧོ་ས་ན་ རྒྱལ་པོ་ལུ (༣) (རྣམ་ཤེས་དམག་གི་དོན་ལུ་གྲ་འགྲིགས་རྐྱབ་སྟེ་ཡོད། བྱང་ཕྱད་ཚུ་དང་དམག་རྐྱབ་ནི་གྲ་འགྲིགས་རྐྱབ་སྟེ་ཡོད) ༢ སྟོབས་ཆེན་གསུང་གི་ཐོག་ལས་དད་པ་གི་དགྲ་ལི་འབག་སྟེ། བུང་མ་ཆད་ཚུན་ཚོད་ད་ང་བཅས་དམག་བརྐྱབ་ནི། (རྣམ་ཤེས་དམག་གི་དོན་ལུ་གྲ་འགྲིགས་རྐྱབ་སྟེ་ཡོད། བྱང་ཕྱད་ཚུ་དང་དམག་རྐྱབ་ནི་གྲ་འགྲིགས་རྐྱབ་སྟེ་ཡོད) ༢ སྟོབས་ཆེན་གསུང་གི་ཐོག་ལས་དད་པ་གི་དགྲ་ལི་འབག་སྟེ། བུང་མ་ཆད་ཚུན་ཚོད་ད་ང་བཅས་དམག་བརྐྱབ་ནི། སྐད་འཐེན་ཏེ་ཁོ་ལུ་བསྟོད་པ་ཕུལ། ག་ར་བསྡོམ་སྟེ་མགུར་མ་ཕུལ་གེ། ཧ་ལ་ལུ་ཡ་ ཧོ་ས་ན། ཧ་ལེ་ལུ་ཡ་ ཧོ་ས་ན་ རྒྱལ་པོ་ལུ (༣)
མཚན་ལ་དང་པ་མི་ཞུ་དང་པ་ཞུ། མཚན་ལ་དང་པ་ཡབ་ཆེན་དཀོན་མཆོག་ཞུ། ༢ ཞིང་ཁམས་བཞུགས་མི་ཡབ་ཆེན་དཀོན་མཆོག་གི། འཛམ་གླིང་དོན་ལུ་བྱམས་པ་མཛད་གནང་ཡི། ༢ མཚན་ལ་གཉིས་པ་མི་ཞུ་གཉིས་པ་ཞུ། མཚན་ལ་གཉིས་པ་གཙོ་བོ་ཡེ་ཤུ་ཞུ། ༢ ཡེ་ཤུ་འཛམ་གླིང་ནང་ལུ་བྱོན་ཏེ་གིས། ཞིང་ཁམས་འགྱོ་ནི་ཐར་ལམ་གནང་སྟེ་ཡོད། ༢ མཚན་ལ་གསུམ་པ་མི་ཞུ་གསུམ་པ་ཞུ། མཚན་ལ་གསུམ་པ་དམ་པའི་ཐུགས་ཉིད་ཞུ། ༢ ཆེ་ཆུང་མེད་པའི་མ་ཤི་ཀ་པ་ལུ། བདེན་པའི་ལམ་སྟོན་མཛད་དེ་བཀའ་དྲིན་ཆེ།
ཞིང་ཁམས་ཀྱི་ནང་ལུ་བཞུགས་མི་དཀོན་མཆོག་ལུ། སེམས་གཅིག་ཁར་མཐུན་ཏེ་ཁོ་ལུ་སྨོན་ལམ་ཞུ། སྙིང་ལས་དད་པ་སྐྱེད་དེ་གསོལ་བ་བདབ། དུས་འཕྲོ་བརླག་མ་བཏང་ཡེ་ཤུ་གི་གསུང་རབ་མཇལ། ཁོ་གི་གནང་བའི་བྱིན་རླབས་སེམས་ཁར་དྲན། ཀུན་གྱི་སྡིག་པ་དག་པའི་བཤགས་པ་ཕུལ། གཙོ་བོ་ཡེ་ཤུའི་གསུངས་མི་བཀའ་འདི་སྒྲུབ། འཛམ་གླིང་ཐར་པ་ཐོབ་པའི་སྨོན་ལམ་བཏབ།
༡་ ཡབ་དཀོན་མཆོག་གི་རྒྱལ་སྲིད་ ཕ་ཡུལ་འབྲུག་ལུ་འོང་བར་ཤོག ཡབ་དཀོན་མཆོག་གི་ཞི་བདེ་ ཕ་ཡུལ་འབྲུག་ལུ་འོང་བར་ཤོག ༢ ༢་ ཡབ་དཀོན་མཆོག་གི་བྱམས་པ་ ཕ་ཡུལ་འབྲུག་ལུ་འོང་བར་ཤོག ཡབ་དཀོན་མཆོག་གི་བྱིན་རླབས་ ཕ་ཡུལ་འབྲུག་ལུ་འོང་བར་ཤོག ༢ ༣་ ཡབ་དཀོན་མཆོག་གི་རེ་བ་ ཕ་ཡུལ་འབྲུག་ལུ་གནང་བར་ཤོག ཡབ་དཀོན་མཆོག་གི་ཐར་པ་ ཕ་ཡུལ་འབྲུག་ལུ་གནང་བར་ཤོག ༢ ༤་ ཡབ་དཀོན་མཆོག་གི་རྒྱལ་སྲིད་ ཕ་ཡུལ་འབྲུག་ལུ་འོང་བར་ཤོག ཡབ་དཀོན་མཆོག་གི་བྱམས་པ་ ཕ་ཡུལ་འབྲུག་ལུ་འོང་བར་ཤོག ༢
༡་ ( ཡར་གངས་ལས་འབབ་པའི་གཙང་ཆུ་འདི། འདི་ལས་ལེགས་པའི་གཙང་ཆུ་འདི། ) ༢ ( གཙོ་བོ་ཡེ་ཤུ་མ་ཤི་གིས་གནང་སྟེ་ཡོད། ཚེ་མཐའ་མེད་པའི་གཙང་ཆུ་འདི། ) ༢ ( འདི་ཆུ་འདི་འཐུང་མི་ཆ་མཉམ་རང། ) ༢ ནམ་ཡང་ཨིན་རུང་ཁ་མི་སྐིམ། འདི་ཆུ་འདི་འཐུང་བའི་རེ་བ་ཡོདན། ( ག་ར་ལུ་འབྱོན་པ་ལེགས་སོ་ཡོད། ) ༢ ༢་ ( བལྟ་གནང་མས་ག་དེམ་ཅིག་ལེགས་ཤོམ་འདུག། བཟོ་གནང་མི་ཡབ་དཀོན་མཆོག་ཆེན་པོ་ཨིན། ) ༢ ( མི་ཕྱུགཔོ་དང་སྤྱང་ཀ་ཆ་མཉམ་གྱིས། དཀོན་མཆོག་ལུ་བཀྲིན་ཆེ་ཟེར་ཞུ། ) ༢ ( ཁ་ལས་མགུར་མ་འཐེན་ཏེ་གིས། ) ༢ དཀོན་མཆོག་ལུ་བསྟོད་པ་ཕུལ་བར་ཤོག། ལགཔ་གཉིས་ཀྱི་ཡར་ལུ་འཐུ་སྟེ་གིས། ( དཀོན་མཆོག་གི་མཚན་ལུ་གཟི་བརྗིད་ཕུལ། ) ༢
ཡེ་ཤུ་ཁྱོད་ཀྱི་ཕང་མ་ང་བཞག་གནང། ཁྱོད་ཀྱི་གསུང་ལུ་ཞབས་ཏོག་ཞུ་ནི་གི། ང་ལུ་བྱིན་རླབས་གནང་སྟེ་བཀྲིན་བསྐྱངས། ཡེ་ཤུ་ཁྱོད་ཀྱི་ཕང་མ་ང་བཞག་གནང། ༢ མི་གི་ཚེ་ལུ་ཏན་ཏན་མིན་འདུག་མས། མི་གི་ལུས་ལུ་བརྟན་པ་མིན་འདུག་མས། བརྟན་ཏོག་ཏོ་མེད་ང་བཅས་མི་གི་ཚེ། ཡེ་ཤུ་ཁྱོད་ཀྱི་ཕང་མ་ང་བཞག་གནང། ༢ ས་འཇིག་རྟེན་འཛམ་གླིང་འདི་ནང་ལུ། ག་ར་སྡིག་པའི་གང་སྟེ་ཡོད། ང་སྡིག་པ་ནང་ལུ་འཐིམ་མ་བཅུག། ཡེ་ཤུ་ཁྱོད་ཀྱི་ཕང་མ་ང་བཞག་གནང། ༢ ལུས་ལུ་ན་ཚ་མེད་པ་དགའ་བས་སྨོ། སེམས་ལུ་སྡུག་བསྔལ་མེད་པ་སྐྱིད་པས་སྨོ། དདཔ་ཅན་སྤུན་ཆ་ག་ར་ལུ་བྱིན་རླབས་གནང། ཡེ་ཤུ་ཁྱོད་ཀྱི་ཕང་མ་ང་བཞག་གནང། ༢
ཡེ་ཤུ་གི་ཁྱོད་འབོ་དོ། ཁྱོད་ཀྱི་མིང་བཏོན་ཏེ་གིས། ཁྱོད་ལུ་ཡེ་ཤུ་གི་འབོ་དོ་ས། ༢ ག་ཅི་ཁུངས་ཡོདཔ་ཁྱོད་ལུ་ འཛམ་གླིང་འདི་ ཁྱོད་ཀྱི་ཐོབ་རུང། དོན་མེད་སྟོང་ལོག་ཨིན་མས་ རང་སྲོག་བྱང་ད་པ་ཅིན། ༢ ཤོག་ས་དབའི་ཆ་རོགས་ ཁྱོད་ལུ་ཡེ་ཤུ་གིས་འབོ་དོ་ས། ༢ ཡེ་ཤུ་གི་ཁྱོད་འབོ་དོ། ཁྱོད་ཀྱི་མིང་བཏོན་ཏེ་གིས། ཁྱོད་ལུ་ཡེ་ཤུ་གི་འབོ་དོ་ས། ༢ ཨརཝ་གིས་ཨརཝ་རྐུཝ་ཨིན་ མི་ངན་གྱི་ལཱ་ངན་འབདཝ་ཨིན། ཡེ་ཤུ་འཛམ་གླིང་ནང་བྱོན་མི་ ང་བཅས་ལུ་ཚེ་གནང་པར་ བྱོནམ་ཨིན། ཤོག་ས་དབའི་ཆ་རོགས་ ཁྱོད་ལུ་ཡེ་ཤུ་གིས་འབོ་དོ་ས། ༢ ཡེ་ཤུ་གི་ཁྱོད་འབོ་དོ། ཁྱོད་ཀྱི་མིང་བཏོན་ཏེ་གིས། ཁྱོད་ལུ་ཡེ་ཤུ་གི་འབོ་དོ་ས། ༢
ཡེ་ཤུ་གི་མཚན་ན་ ཡེ་ཤུ་གི་མཚན་ན་ ང་བཅས་ཀྱི་རྒྱལ་ཁ་ཐོབ། ཡེ་ཤུ་གི་མཚན་ན་ ཡེ་ཤུ་གི་མཚན་ན་ འདྲེ་ཚུ་འབྱོག་འགྱོ་དགོ། དཀོན་མཆོག་གི་སྟོབས་ཤུགས་ག་གིས་སླབ་ཚུགས་ ག་གི་སླབ་ཚུགས་དཀོན་མཆོག་གི་བྱམས་པ། གཙོ་བོ་གི་མཚན་འདི་ ཡེ་ཤུ་ ཡེ་ཤུ་ ང་བཅས་ཀྱི་རྒྱལ་ཁ་ཐོབ།
༡་ ཡེ་ཤུ་གིས་མཛད་ཚུགས་ ཡེ་ཤུ་གིས་མཛད་ཚུགས། ང་ཤེས་ངེའི་གཙོ་བོ་གིས་ ང་སྡིགཔ་ལས་བཏོན་ཚུགས། ༢ ༢་ ཤི་སོང་མི་ཚུ་གསོན་པོ་སྦེ་ལྷོང་འོང་ ཤི་སོང་མི་ཚུ་ གསོན་པོ་སྦེ་ལྷོང་འོང། ང་ཤེས་ངེའི་གཙོ་བོ་གིས་ ང་སྡིགཔ་ལས་བཏོན་ཚུགས། ༢ ༣་ སྡིག་ཅན་མི་ལུ་ཐར་པ་གནང་འོང་ སྡིག་ཅན་མི་ལུ་ཐར་པ་གནང་འོང། ང་ཤེས་ངེའི་གཙོ་བོ་གིས་ ང་སྡིགཔ་ལས་བཏོན་ཚུགས། ༢ ༤་ རྐངམ་ཞབོ་འགྱོ་ཚུགས་མཛད་འོང་ རྐངམ་ཞབོ་འགྱོ་ཚུགས་མཛད་འོང། ང་ཤེས་ངེའི་གཙོ་བོ་གིས་ ང་སྡིགཔ་ལས་བཏོན་ཚུགས། ༢ ༥་ མིག་ཏོ་ཞརཝ་མཐོང་ཚུགསཔ་མཛད་འོང་ ག་ཏོ་ཞརཝ་མཐོང་ཚུགསཔ་མཛད་འོང། ང་ཤེས་ངེའི་གཙོ་བོ་གིས་ ང་སྡིགཔ་ལས་བཏོན་ཚུགས། ༢ ༦་ སེམས་ཤི་མི་ སེམས་གསོ་ཐོབ་འོང་ སེམས་ཤི་མི་ སེམས་གསོ་ཐོབ་འོང། ང་ཤེས་ངེའི་གཙོ་བོ་གིས་ ང་སྡིགཔ་ལས་བཏོན་ཚུགས། ༢
ལོག་སྟེ་ཤོག་ས་དབའི་ ཨ་ཅོ་དང་ནུ་གཅུང་ཚུ། ལོག་སྟེ་ཤོག་ས་དབའི་ ཨཞེམོ་དང་ནུ་མོ་ཚུ། སྐྱབས་མགོན་གཙོ་བོ་ཡེ་ཤུ་སྦེ་སར་ ཞི་བདེའི་རྒྱལ་སྲས་ཡེ་ཤུ་སྦེ་སར། ༢ ལོག་སྟེ་ཤོག་ས་དབའི། ༡་ ཡལ་ཏེ་འགྱོ་མི་མི་ཚེ་འདི་ལུ་ ག་ཅི་འབད་སེམས་ཆགས་ཏེ་སྡོདཔ་སྨོ། ཉིནམ་གཅིག་ལུ་ ང་བཅས་ལུས་འདི་ ལོག་སྟེ་ས་ལུ་འགྱུར་འོང། ༢ ལོག་སྟེ་་་ ༢་ འཇིག་རྟེན་ནང་ཕར་དང་ཚུར་བཤལ་ཏེ་ སྡོད་ནིའི་དུས་ཚོད་ང་བཅས་ལུ་མིན་འདུག། སྐྱབས་མགོན་གཙོ་བོ་ཡེ་ཤུ་སྦེ་སར་ ད་རེས་རང་ལོག་སྟེ་ཤོག་ས། ༢ ལོག་སྟེ་་་ ༣་ ཉིནམ་གཉིས་ཀྱི་མགྱོནམ་སྦེ་སྡོད་པའི་ཚེས་ མི་ཚེ་དགའ་སྐྱིད་ཞི་བདེ་ངང་ལུ། འདི་བཟུམ་སྡོད་ནིའི་མནོ་བསམ་ཡོད་པ་ཅིན་ ཞི་བདེའི་རྒྱལ་སྲས་ ཡེ་ཤུ་སྦེ་སར་ཤོག། ༢ ལོག་སྟེ་་་
༡་ ཧེ་མ་རང་ དཀོན་མཆོག་གི་རྒྱལ་སྲིད་འཚོལ། དེ་ལས་ཁོ་གི་བདེན་པ། འདི་ཚུ་ག་ར་ཁྱོད་ལུ་གནང་འོང། ཧ་ལེ་ལུ་ཧ་ལེ་ལུ་ཡ། ༢ ༢་ ཁུ་ལེབ་རྐྱངམ་ཅིག་གི་ མི་མི་གྲངས། གསུང་རབ་འདི་གི་མ་གཏོགས། དཀོན་མཆོག་གི་ཞལ་ལས་གསུངས་མི་འདི་གིས། ཧ་ལེ་ལུ་ཧ་ལེ་ལུ་ཡ། ༢ ༣་ ཞུ་བ་ཅིན་ཁྱོད་ལུ་གནང་ནི་འོང། འཚོལ་བ་ཅིན་ཁྱོད་ཀྱི་ཐོབ་ནི་འོང། སྒོ་གུ་བརྡུང་པ་ཅིན་ ཕྱེ་ནི་འོང། ཧ་ལེ་ལུ་ཧ་ལེ་ལུ་ཡ། ༢